Logo

    ཆོས་རིག་ལེ་ཚན། - ཨ་རིའི་རླུང་འཕྲིན་ཁང་།

    ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
    bo50 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (50)

    ཕྱི་ལོ་༢༠༢༢ལོའི་བྱེས་ཀྱི་དགེ་ལུགས་གདན་སའི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢

    ཕྱི་ལོ་༢༠༢༢ལོའི་བྱེས་ཀྱི་དགེ་ལུགས་གདན་སའི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢
    ༄༅། །བྱེས་ཀྱི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་གནང་བའི་འདི་ལོ་ཕྱི་ལོ་༢༠༢༢ལོའི་རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་བ་རྣམས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་རིང་ཕྱི་ཟླ་༨ཚེས་༡༩ཉིན་གདན་ས་འབྲས་སྤུངས་སུ་དབུ་འཛུགས་གནང་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

    རྒྱ་གར་གྱི་སློབ་གྲྭ་ཁག་ནང་སཱི་ཤེས་ཡོན་སློབ་ཁྲིད། - སྤྱི་ཟླ་བདུན་པ། ༡༢, ༢༠༢༢

    རྒྱ་གར་གྱི་སློབ་གྲྭ་ཁག་ནང་སཱི་ཤེས་ཡོན་སློབ་ཁྲིད།  - སྤྱི་ཟླ་བདུན་པ། ༡༢, ༢༠༢༢
    ༄༅། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་སཱི་ཤེས་ཡོན་སློབ་ཁྲིད་བྱ་ཡུལ་གཙོ་བོ་ཞིག་རྒྱ་གར་ཆགས་ཡོད་པར་བརྟེན་ རྒྱ་གར་ནང་གི་སཱི་ཤེས་ཡོན་བསླབ་གཞིའི་སྐོར་ཀུན་བཟང་སྒྲོན་མ་ལགས་ཀྱིས་རྒྱ་གར་གྱི་སཱི་ཤེས་ཡོན་བསླབ་གཞིའི་འགན་འཛིན་ལྕམ་རེ་ཤི་མཱ་ལ་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

    བོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཚོར་སཱི་ཤེས་ཡོན་བསླབ་གཞིའི་ཟབ་སྦྱོང་མཇུག་བསྒྲིལ་བྱུང་ཡོད་པ། - སྤྱི་ཟླ་དྲུག་པ། ༢༡, ༢༠༢༢

    བོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཚོར་སཱི་ཤེས་ཡོན་བསླབ་གཞིའི་ཟབ་སྦྱོང་མཇུག་བསྒྲིལ་བྱུང་ཡོད་པ།  - སྤྱི་ཟླ་དྲུག་པ། ༢༡, ༢༠༢༢
    ཟླ་བ་འདིའི་ཚེས་༦-༨བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སཱི་ཤེས་ཡོན་བསླབ་གཞིའི་ཟབ་སྦྱོང་ཞིག་གནང་བའི་སྐོར་ས་རཱ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་མཚན་ལེགས་སུ་བཅར་འདྲི་ཞུས་པ།

    ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་ཚན་པ་དང་པོ། - སྤྱི་ཟླ་གསུམ་པ། ༠༡, ༢༠༢༠

    ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་ཚན་པ་དང་པོ། - སྤྱི་ཟླ་གསུམ་པ། ༠༡, ༢༠༢༠
    ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ས་སྐྱའི་ཆོས་ཚོགས་ཀྱི་འགན་འཛིན་བླ་མ་པདྨ་དབང་གྲགས་ལགས་ཀྱིས་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས་གསུངས་པའི་ཚན་པ་དང་པོ་དེ་གསན་རོགས་གནང་།།

    སྟོན་པའི་བཀའ་དྲིན་རྗེས་དྲན་ངོ་མ་ནི་ཉམས་ལེན་ཡིན། - སྤྱི་ཟླ་གཉིས་པ། ༢༣, ༢༠༢༠

    སྟོན་པའི་བཀའ་དྲིན་རྗེས་དྲན་ངོ་མ་ནི་ཉམས་ལེན་ཡིན། - སྤྱི་ཟླ་གཉིས་པ། ༢༣, ༢༠༢༠
    ༄༅།། ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་བྱེད་མཁན་ཚོས་སངས་རྒྱས་ཀྱི་མཛད་ཆེན་ཁག་ལ་དྲན་གསོ་དང་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་བོད་ཟླ་དང་པོའི་ཚེས་༡་ནས་བཟུང་། ཆོ་འཕྲུལ་དུས་ཆེན་དབུ་འཛུགས་གནང་གི་ཡོད་ཅིང་། དེ་སྔ་༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཞིག་གི་སྐབས་སུ་སྟོན་པས་གསུངས་པའི་ཆོས་ལ་སློབ་སྦྱོང་བྱས་ཏེ་ཉམས་ལེན་བྱ་རྒྱུ་ནི་སྟོན་པའི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཡིན་ཞེས་བཀའ་སློབ་གནང་བ་ཞིག་གསན་རོགས་གནང་།

    དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་སྙིང་བསྡུས། - སྤྱི་ཟླ་གཉིས་པ། ༠༩, ༢༠༢༠

    དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་སྙིང་བསྡུས། - སྤྱི་ཟླ་གཉིས་པ། ༠༩, ༢༠༢༠
    རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་ཀྱིས་རྡ་རམ་ས་ལར་ནང་ཆོས་དོན་གཉེར་ཅན་ཚོར་དབུ་མ་འཇུག་པ་ལྗག་རྩོམ་གནང་མཁན་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་སྙིང་བསྡུས་གསུངས་པ་ཞིག་གསན་རོགས་གནང་།།

    རྣལ་འབྱོར་དྲུག་གི་ཉིན་རེའི་ཉམས་ལེན། - སྤྱི་ཟླ་དང་པོ། ༡༩, ༢༠༢༠

    རྣལ་འབྱོར་དྲུག་གི་ཉིན་རེའི་ཉམས་ལེན། - སྤྱི་ཟླ་དང་པོ། ༡༩, ༢༠༢༠
    ལས་དང་པོ་བ་ཞིག་གིས་རྣལ་འབྱོར་དྲུག་གི་སྒོ་ནས་ཉིན་རེར་ནང་ཆོས་ཉམས་ལེན་བྱེད་སྟངས་མདོར་བསྡུས་ཤིག་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་གསུངས་པ་ཞིག་གསན་རོགས་གནང་།

    སོ་སོའི་སེམས་ལ་བརྟག་དཔྱད་དང་བྱ་ར་བྱེད་རྒྱུ་གལ་ཆེ། - སྤྱི་ཟླ་དང་པོ། ༡༢, ༢༠༢༠

    སོ་སོའི་སེམས་ལ་བརྟག་དཔྱད་དང་བྱ་ར་བྱེད་རྒྱུ་གལ་ཆེ། - སྤྱི་ཟླ་དང་པོ། ༡༢, ༢༠༢༠
    རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གི་སློབ་དགེ་ཟུར་པ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང་བའི་སྐབས། ནང་ཆོས་ཉམས་ལེན་པ་ཞིག་གི་ངོས་ནས་སོ་སོའི་སེམས་ལ་བརྟག་དཔྱད་དང་བྱ་ར་བྱས་ཏེ་དགེ་བའི་ལས་ལ་བརྩོན་དགོས་ལུགས་གསུངས་པ་ཞིག་གསན་གྱི་རེད།།

    ཆོས་ཚོགས་ཐེངས་༡༤་པའི་གྲོས་ཆོད་ཁག་ལ་རྒྱབ་སྐྱོར། - སྤྱི་ཟླ་བཅུ་གཉིས་པ། ༡༥, ༢༠༡༩

    ཆོས་ཚོགས་ཐེངས་༡༤་པའི་གྲོས་ཆོད་ཁག་ལ་རྒྱབ་སྐྱོར། - སྤྱི་ཟླ་བཅུ་གཉིས་པ། ༡༥, ༢༠༡༩
    བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གིས་གོ་སྒྲིག་གནང་སྟེ་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་སྤྲུལ་དང་ མཁན་པོ། དགེ་བཤེས་དང་ཆོས་རྒྱུད་ཁག་གི་སྐུ་ཚབ་སོགས་གནད་ཡོད་མི་སྣ་ཁག་གི་ལྷན་ཚོགས་ཐེངས་༡༤་པའི་ཐོག་ཏུ་མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་བཀའ་བསྡུར་གནང་སྟེ་གྲོས་ཆོད་ཁག་གསུམ་བཞག་ཡོད་ཅིང་། གྲོས་ཅོད་དེ་དག་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཆོས་དད་ཚོས་གོང་བཀུར་རྒྱབ་སྐྱོར་ཞུས་ཡོད་པའི་སྐོར།

    དྲན་པ་ཉེར་བཞག་གི་སྐོར། - སྤྱི་ཟླ་བཅུ་གཉིས་པ། ༠༨, ༢༠༡༩

    དྲན་པ་ཉེར་བཞག་གི་སྐོར། - སྤྱི་ཟླ་བཅུ་གཉིས་པ། ༠༨, ༢༠༡༩
    ཨ་མི་རི་ཀའི་རྒྱལ་སའི་ཉེ་འགྲམ་དུ་ཡོད་པའི་མངའ་སྡེ་མེ་རི་ལེན་ཊིའི་ནང་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་དྲན་པ་ཉེར་བཞག་སྐོར་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།

    བྱང་ཆུབ་སེམས་ཀྱི་ཕན་ཡོན། - སྤྱི་ཟླ་བཅུ་གཅིག་པ། ༢༤, ༢༠༡༩

    བྱང་ཆུབ་སེམས་ཀྱི་ཕན་ཡོན། - སྤྱི་ཟླ་བཅུ་གཅིག་པ། ༢༤, ༢༠༡༩
    བོད་ཀྱི་རྒྱལ་ས་ལྷ་སའི་དགའ་ལྡན་དགོན་པའི་རྒན་སྙན་གྲགས་ལགས་ཀྱིས་ལོ་འགའི་སྔོན་དུ་སྟག་ལུང་བྲག་ཏུ་བོད་པ་སྐྱ་སེར་མང་ཚོགས་ཁག་ཅིག་ལ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་བའི་ཚན་པ་ཞིག་གཤམ་དུ་གསན་རོགས་གནང་།།

    ལྷ་བབ་དུས་ཆེན་ངོ་སྤྲོད། - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༡༩

    ལྷ་བབ་དུས་ཆེན་ངོ་སྤྲོད། - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༡༩
    བོད་ཟླ་༩་པའི་ཚེས་༢༢་ཉིན་ནི་ལྷ་བབ་དུས་ཆེན་ཡིན་པ་ལྟར་རིང་མིན་ཕྱི་ཟླ་༡༡་པའི་ཚེས་༡༩་སྟེ། རེས་གཟའ་མིག་དམར་ཉིན་ལྷ་བབ་དུས་ཆེན་ཁེལ་གྱི་ཡོད་པས་འདི་ག་ཨ་རིའི་རྒྱལ་སའི་ཉེ་འགྲམ་དུ་ཆགས་པའི་མཱེ་རི་ལན་ཌར་མངའ་སྡེར་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་ལྷ་བབ་དུས་ཆེན་ངོ་སྤྲོད་གནང་བ་ཞིག་གསན་རོགས་གནང་།

    ༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ནང་དོན་ངོ་སྤྲོད་གནང་བ། - སྤྱི་ཟླ་བཅུ་གཅིག་པ། ༡༠, ༢༠༡༩

    ༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ནང་དོན་ངོ་སྤྲོད་གནང་བ། - སྤྱི་ཟླ་བཅུ་གཅིག་པ། ༡༠, ༢༠༡༩
    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༩ཕྱི་ཟླ་༡༡པའི་ཚེས་ཤར་ལ་བཞུགས་སྒར་དུ་ཀོ་རི་ཡའི་ནང་པའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་འགའ་ཤས་ཤིག་ལ་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་དར་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བའི་སྐོར་དང་ དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ནང་དོན་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།

    བདག་གཞན་མཉམ་བརྗེ་དང་བྱང་ཆུབ་སེམས་སྦྱོང་། - སྤྱི་ཟླ་བཅུ་གཅིག་པ། ༠༣, ༢༠༡༩

    བདག་གཞན་མཉམ་བརྗེ་དང་བྱང་ཆུབ་སེམས་སྦྱོང་། - སྤྱི་ཟླ་བཅུ་གཅིག་པ། ༠༣, ༢༠༡༩
    བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་སེམས་ཀྱི་སྦྱོང་སྟངས་སྐོར་རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་སློབ་དགེ་ཟུར་པ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་།

    ༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སྤྱོད་འཇུག་གི་བཀའ་ཁྲིད་བསྩལ་གནང་མཛད་པ། - སྤྱི་ཟླ་བཅུ་པ། ༢༧, ༢༠༡༩

    ༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སྤྱོད་འཇུག་གི་བཀའ་ཁྲིད་བསྩལ་གནང་མཛད་པ། - སྤྱི་ཟླ་བཅུ་པ། ༢༧, ༢༠༡༩
    ཕྱི་ལོ་༢༠༡༨ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ལོ་རེའི་ནང་ཆོས་ངོ་སྤྲོད་དང་འབྲེལ་ སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་ སྤྱོད་འཇུག་གི་བཀའ་ཁྲིད་བསྩལ་གནང་མཛད་པ་དང་འབྲེལ་ སློབ་ཕྲུག་ཚོས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བསྩལ་གནང་མཛད་པའི་དུམ་བུ་ཞིག་གསན་གྱི་རེད།

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༼༣༽ - སྤྱི་ཟླ་བཅུ་པ། ༠༦, ༢༠༡༩

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༼༣༽ - སྤྱི་ཟླ་བཅུ་པ། ༠༦, ༢༠༡༩
    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་འདྲེན་ཞུ་སྟངས་དང་ དེ་བཞིན་ཇོ་བོ་རྗེས་བོད་དུ་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ནང་དོན་སྐོར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གནང་བ་གསན་གྱི་རེད།

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༼༢༽ - སྤྱི་ཟླ་དགུ་པ། ༢༩, ༢༠༡༩

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༼༡༽ - སྤྱི་ཟླ་དགུ་པ། ༢༢, ༢༠༡༩

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ༼༡༽ - སྤྱི་ཟླ་དགུ་པ། ༢༢, ༢༠༡༩
    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་འདྲེན་ཞུ་སྟངས་དང་ དེ་བཞིན་ཇོ་བོ་རྗེས་བོད་དུ་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ནང་དོན་སྐོར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གནང་བའི་དུམ་བུ་དང་པོ་དེ་གསན་གྱི་རེད།

    དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ངོ་སྤྲོད་གནང་བ། - སྤྱི་ཟླ་དགུ་པ། ༡༦, ༢༠༡༩

    དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ངོ་སྤྲོད་གནང་བ། - སྤྱི་ཟླ་དགུ་པ། ༡༦, ༢༠༡༩
    དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ལྟ་བའི་སྒོ་ནས་ནང་པའི་གྲས་སུ་ཚུད་པ་ལ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ལ་ཡིད་ཆེས་བྱེད་དགོས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་བ་དང་འབྲེལ་ ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་གོ་དོན་དང་ དེ་དག་ངོ་སྤྲོད་གནང་བ་ཞིག་གསན་གྱི་རེད།

    བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་ཚན་པ་གཉིས་པ། - སྤྱི་ཟླ་དགུ་པ། ༠༨, ༢༠༡༩

    བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་ཚན་པ་གཉིས་པ། - སྤྱི་ཟླ་དགུ་པ། ༠༨, ༢༠༡༩
    སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གདམས་པའི་དགེ་བཤེས་གླང་རི་ཐས་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་ཚན་པ་མཐའ་མ་དེ་གསན་རོགས་གནང་།།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io