Logo

    དྲ་སྣང་གི་བོད། - ཨ་རིའི་རླུང་འཕྲིན་ཁང་།

    བོད་པ་ཟིན་བྲིས་པ་ཚོའི་དྲ་ཁྱིམ་བརྒྱུད་ནས་རང་གི་ལྟ་བ་དང་བསམ་ཚུལ་བརྗེ་རེས་ བྱེད་སའི་ཁོར་ཡུག་ཅིག་ཡིན། ལེ་ཚན་འདིར་དྲ་ལམ་དུ་ཐོན་པའི་བོད་ཀྱི་རོལ་དབྱངས་དང་བརྙན་འཕྲིན། པར་རིས་རྣམས་ང་ཚོའི་རྒྱ་ཆེའི་གསན་གཟིགས་གནང་མཁན་ཚོར་བརྒྱུད་བསྒྲགས་བྱེད་བཞིན་ཡོད།།
    bo250 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (250)

    དྲ་སྣང་གི་བོད། ༢༠༢༣ ཟླ་༡ ཚེས་༦ - སྤྱི་ཟླ་དང་པོ། ༠༧, ༢༠༢༣

    དྲ་སྣང་གི་བོད། ༢༠༢༣ ཟླ་༡ ཚེས་༦ - སྤྱི་ཟླ་དང་པོ། ༠༧, ༢༠༢༣
    བཙན་བྱོལ་བོད་མིར་དྲ་ལམ་ནས་འཇབ་རྒོལ་བྱེད་བཞིན་པའི་སྙན་ཐོ། ཆོས་སྤྲིན་དཔེ་མཛོད་ཀྱི་གློག་རྡུལ་འཕྲུལ་དེབ། བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པའི་ཁ་པར་བཀོལ་ཆས། ༢༠༢༢་ལོར་སྐུ་བཤེགས་པའི་བོད་ཀྱི་རིག་གནས་པར་རྗེས་དྲན། Discord གླེང་མོལ་བཀོལ་ཆས་ངོ་སྤྲོད་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༣༠ - སྤྱི་ཟླ་བཅུ་གཉིས་པ། ༣༡, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༣༠ - སྤྱི་ཟླ་བཅུ་གཉིས་པ། ༣༡, ༢༠༢༢
    རྒྱ་གར་སྲིད་བློན་གྱིས་དྲ་ལམ་དུ་བོད་ཡིག་བྲིས་ཏེ་ལ་དྭགས་པར་ལོ་སར་འཚམས་འདྲི་ཞུས་པ། རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ལ་བཅར་འདྲི།  ༢༠༢༢་ལོའི་དྲ་ལམ་བོད་འབྲེལ་གནས་ཚུལ་ཆེ་ཁག་ལ་བསྐྱར་ཞིབ་དང་ཕྱོགས་སྡོམ་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༢༣ - སྤྱི་ཟླ་བཅུ་གཉིས་པ། ༢༤, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༢༣ - སྤྱི་ཟླ་བཅུ་གཉིས་པ། ༢༤, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་སྡེ་དགེ་སྐད་ཀྱི་ཚིག་མཛོད་དང་། སློབ་དཔོན་ཆེན་མོ་དབྱངས་དགའ་རྗེས་སུ་དྲན་པ། བོད་པའི་བུ་མོ་ལྔ་རྩད་གཅོད་ཀྱི་རྩོམ་ཡིག རྒན་རྒྱལ་ལོ་ལགས་ལ་སྲིད་པའི་དཔྱོད་མིག་གི་རྩོམ་བརྡ་སྐོར་བཀའ་འདྲི་ཞུས་པ་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༡༦ - སྤྱི་ཟླ་བཅུ་གཉིས་པ། ༡༦, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༡༦ - སྤྱི་ཟླ་བཅུ་གཉིས་པ། ༡༦, ༢༠༢༢
    འཛམ་གླིང་རྐང་རྩེད་སྤོ་ལོ་དང་བོད་ཀྱི་དྲ་མང་། པྲ་དྲ་གློག་བརྙན་དྲ་ཚིགས་ཀྱི་གསར་གནས། ཝི་པོ་དྲ་ཚིགས་སུ་བོད་དོན་ཚ་གླེང་བྱུང་བ། གཡོ་ཇུས་འོག་ཚུད་དེ་དངུལ་ཤོར་བཞིན་པ། དངུལ་ཤོར་མཁན་ཚོའི་ཉམས་མྱོང་བཤད་པ་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༩ - སྤྱི་ཟླ་བཅུ་གཉིས་པ། ༡༠, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༢ ཚེས་༩ - སྤྱི་ཟླ་བཅུ་གཉིས་པ། ༡༠, ༢༠༢༢
    བྱིས་པར་བོད་ཡིག་སློབ་པའི་འཕྲུལ་དེབ་དང་། TED སྡིངས་ཆར་བླ་མ་ཞིག་གིས་གཏམ་བཤད་སྤེལ་བ། རྒྱ་ནག་གིས་བོད་མིའི་འདུ་ཤེས་རྩ་མེད་བཟོ་བཞིན་འདུག་པ་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་བཞིན་པ། ཨ་རིའི་ལྕམ་སྐུ་དང་པོ་མཱེ་ཤཱལ་ཨོ་བྷ་མ་ཡིས་བོད་མོ་ཞིག་ལ་དྲ་ལམ་ནས་ལན་འདེབས་བྱེད་པ་བཅས་ངོ་སྤྲོད་ཞུས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༢ ཚེས་༢ - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༡༢ ཚེས་༢ - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ཟུར་བཀག་ཁང་ནས་ཤི་བ་དང་ནང་མིའི་ཟིན་ཐོ་དང་། འཛམ་གླིང་རྐང་རྩེད་སྤོ་ལོའི་བརྙན་རིས་བཀག་སྡོམ། ཅྰང་ཙེ་མེན་ལ་མྱ་ངན་ཞུ་མཁན་གྱི་བོད་མིར་དྲི་བ། སྔས་འགྲམ་གྱི་རྡོ་རྗེ་དང་བོད། རྒྱ་ནག་གི་དྲ་ལམ་དམ་དྲག་ལ་དཀའ་ངལ། རྒྱ་ནག་ཏུ་ངོ་རྒོལ་བྱུང་བར་ཐད་གཏོང་བགྲོ་གླེང་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༢༥ - སྤྱི་ཟླ་བཅུ་གཅིག་པ། ༢༦, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༢༥ - སྤྱི་ཟླ་བཅུ་གཅིག་པ། ༢༦, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ཕྱུགས་འཚོ་མི་ཆོག་པའི་ཁྲིམས་ལ་འབྲོག་མང་གི་བསམ་ཚུལ་དང་། རྒྱ་ཡིས་བོད་དུ་བཙུགས་པའི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་སྙན་ཐོ་བཅས་ཡོད། །

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༡༨ - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༡༨ - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་དགེ་ལུགས་བླ་མ་ཟེར་བའི་རྒྱའི་མགྲིན་ཚབ་པ་ཐེར་འདོན་དང་། རྒྱ་ནག་གིས་བོད་དང་ཡུ་གུར་བའི་བུ་མོ་ཚོ་ཕྱི་བསྒྲགས་སྲིད་ཇུས་ལ་བེད་སྤྱོད་གཏོང་གི་ཡོད་པའི་སྙན་ཐོ་ཐོན་པ་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༤ - སྤྱི་ཟླ་བཅུ་གཅིག་པ། ༠༤, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༤ - སྤྱི་ཟླ་བཅུ་གཅིག་པ། ༠༤, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་བདེ་སྐྱིད་ལྷན་ཚོགས་ཆེན་མོར་རིན་མེད་ངང་ཞུགས་སའི་དྲ་ཚིགས་་དང་། བོད་མིང་འཛིན་མཁན་རྒྱའི་མགྲིན་ཚབ་དྲ་མང་གི་སྐོར་དང་། གསར་ལམ་ཁག་གི་རྒྱའི་ཤུགས་རྐྱེན་གྱི་སྙན་ཐོ། ཕ་སྐད་གཙང་མའི་གླེང་སྟེགས་ཞེས་པ་བོད་སྐད་བརྙན་པར་ཟིན་ཐོ་བ་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༢༨ - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༢༨  - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ལྷ་སའི་རྒྱ་མི་ངོ་རྒོལ་བའི་དགོས་འདུན་ལ་རྒྱ་གཞུང་གིས་ངོས་ལེན་བྱས་པར་བོད་པ་ཚོར་བསམ་འཆར་བྱུང་ཞིང་། ཨ་རིས་སྒོ་ཤེས་རབ་རྒྱ་མཚོའི་ཆེད་དུ་འབོད་སྐུལ་ཞུས་པར་རྒྱའི་དྲ་དམག་གིས་འགོག་རྐྱེན་བཟོ་བཞིན་པ། ཨ་རིའི་བརྙན་འཕྲིན་ལས་རིམ་Survivor ཡི་བརྙན་ལེན་རུ་ཁག་ཏུ་བོད་པ་ཞིག་ཡོད་པ་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༠ ཚེས་༢༡ - སྤྱི་ཟླ་བཅུ་པ། ༢༡, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༡༠ ཚེས་༢༡ - སྤྱི་ཟླ་བཅུ་པ། ༢༡, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་སུད་སིར་བོད་ཕྲུག་ཚོར་བོད་ཀྱི་རིག་གནས་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་པ། བོད་མིའི་བར་ལ་ཚེ་རོགས་འཚོལ་སའི་དྲ་ཚིགས་གསར་བ་མི་ཚེ་ཞེས་པ་ངོ་སྤྲོད་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༡༤ - སྤྱི་ཟླ་བཅུ་པ། ༡༥, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༡༤ - སྤྱི་ཟླ་བཅུ་པ། ༡༥, ༢༠༢༢
    རྒྱ་རི་རིན་པོ་ཆེ་དམ་པའི་ཕྱག་དེབ་ཉོ་ས་དང་བོད་ཕྱི་ནང་གི་གློག་བརྙན་༢༠ ལྷག་རིན་མེད་གཟིགས་འབུལ། ལྷ་སའི་རྒྱ་མོ་ཞིག་གིས་ལྷ་སའི་བོད་པ་ཡོངས་རྩ་མེད་བཟོས་ནས་ས་ཆ་དེ་རྒྱ་མིས་བདག་འཛིན་དགོས་པར་ངོ་རྒོལ། གློག་བརྙན་འཁྲབ་ཁྲིད་པ་དགེ་ལེགས་དཔལ་བཟང་ལགས་ཀྱིས་བཟོས་པའི་ཨ་མ་ལགས་ཞེས་པའི་དངོས་བྱུང་གློག་བརྙན་སྐོར་ལ་བཅར་འདྲི་བྱས།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༠ ཚེས་༧ - སྤྱི་ཟླ་བཅུ་པ། ༠༨, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༠ ཚེས་༧ - སྤྱི་ཟླ་བཅུ་པ། ༠༨, ༢༠༢༢
    ཐེངས་འདིའི་དྲ་སྣང་གི་བོད་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་བའི་ཁ་འགོག་ཐབས་ལ་རྒྱ་ནག་གཞུང་ཚབ་ཀྱིས་འཇིགས་སྐུལ་ཡི་གེ་བསྐུར་བ། ༧སྐུའི་ཡང་སྲིད་ཐད་ཀྱི་སྙན་ཐོ་ཀློག་སའི་དྲ་ཚིགས། གློག་བརྙན་དྲ་ཚིགས་པྲ་དྲ། བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གཞུང་ཆེན་དཔེ་ཁྲིད་སྒྲ་སྒམ་ཆིག་སྟོང་ཡོད་པའི་ཁ་པར་བཀོལ་ཆས་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༩ ཚེས་༣༠ - སྤྱི་ཟླ་དགུ་པ། ༣༠, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༩ ཚེས་༣༠ - སྤྱི་ཟླ་དགུ་པ། ༣༠, ༢༠༢༢
    ཐེངས་འདིའི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་མིང་བསྒྱུར་ཐབས་བྱེད་བཞིན་པའི་སྙན་ཐོ་ཞིག་དང་བོད་ཀྱི་དྲ་མང་གིས་སྙན་ངག་པ་ཞིག་ལ་རྗེས་དྲན། ལྷ་སའི་ཟུར་བཀག་ཁང་གི་ཉིན་ཐོ། དྲ་ལམ་དུ་བརྗེད་འདེད་པ་ས་ཡ་བརྒལ་བའི་བོད་ཀྱི་ན་གཞོན་ཞིག་དང་ཁོང་ལ་ཐོབ་པའི་གཟེངས་རྟགས་དེ་༧གོང་ས་མཆོག་ཕུལ་བ་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༩ ཚེས་༡༦ - སྤྱི་ཟླ་དགུ་པ། ༡༦, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༩ ཚེས་༡༦ - སྤྱི་ཟླ་དགུ་པ། ༡༦, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད་དང་། ༼ཨ་མ་ལགས་༽ཞེས་པའི་གློག་བརྙན། སོན་རྩ་ལས་གཞིའི་རྒྱུ་ཆ་དང་འབྲེལ་ཐག་སོགས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༩ ཚེས་༩ - སྤྱི་ཟླ་དགུ་པ། ༠༩, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༩ ཚེས་༩ - སྤྱི་ཟླ་དགུ་པ། ༠༩, ༢༠༢༢
    དྲ་སྣང་གི་བོད་དུ་སྐར་རྩིས་གྲངས་མཛོད་ཆེན་མོའི་ཁ་པར་བཀོལ་ཆས་དང་བོད་མིའི་རྒྱུད་རྫས་བསྡུ་བཞིན་པའི་སྙན་ཐོ།   རྡོ་རྗེ་བཀྲ་ཤིས་ཀྱི་སྲིང་མོའི་ཡོངས་གྲགས་ཞུ་འབོད་ཀྱི་དྲ་བརྙན་བཀག་སྡོམ།  དྲ་རྒྱའི་བརྡ་རྟགས་མི་དགོས་པར་བོད་སྐད་སྦྱོང་སའི་བཀོལ་ཆས་ཤིག་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༨ ཚེས་༢༦ - སྤྱི་ཟླ་བརྒྱད་པ། ༢༦, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༨ ཚེས་༢༦  - སྤྱི་ཟླ་བརྒྱད་པ། ༢༦, ༢༠༢༢
    དྲ་སྣང་གི་བོད་དུ་ཨ་རིའི་རླུང་འཕྲིན་གྱི་བཀོལ་ཆས་གསར་བ་དང་བརྗོད་གཞི་སྣ་ཚོགས་ཀྱི་དྲ་ལམ་སྒྲ་སྒམ། རྒྱའི་དྲ་དམག་དང་འབྲེལ་བའི་ཨ་རིའི་སྙན་ཐོ། ༼ངས་མཐོང་བའི་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོ།  ༽ གླིང་གེ་སར་གྱི་འགུལ་རིས་གློག་བརྙན་དང་ཆབ་སྲིད་དྲིལ་བསྒྲགས། གྷུ་གྷལ་ཡིག་བསྒྱུར་ཐད་བོད་མི་ཚོས་ཆ་ཤས་བཞེས་སྟངས་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༨ ཚེས་༡༩ - སྤྱི་ཟླ་བརྒྱད་པ། ༡༩, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༨ ཚེས་༡༩  - སྤྱི་ཟླ་བརྒྱད་པ། ༡༩, ༢༠༢༢
    བོད་ནང་གི་༼ནད་ཡམས་རྩ་མེད་ཀྱི་སྲིད་ཇུས། ༽ ་ལ་དྲ་མང་གི་བསམ་ཚུལ་དང་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཟླ་གསལ་གྱི་གློག་བརྙན་དྲ་ཚིགས། རྡ་རམ་ས་ལ་༽ཞེས་པའི་གློག་བརྙན་ལས་འཆར་གྱི་འགྲེལ་བརྗོད། ཨ་ཅག་ལགས་ཞེས་པའི་གཞས་གསར་བ་ཞིག་བཅས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༨ ཚེས་༡༢ - སྤྱི་ཟླ་བརྒྱད་པ། ༡༢, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༨ ཚེས་༡༢  - སྤྱི་ཟླ་བརྒྱད་པ། ༡༢, ༢༠༢༢
    ཨ་རྒྱ་གཉིས་ཀྱི་མགྲིན་ཚབ་པ་ཚོའི་ཐེ་ཝན་བདག་དབང་དང་འབྲེལ་བའི་ཁ་དམག ཌི་ཝི་ཌར་བདག་པོ་ཟུར་བས་༼རྒྱ་དམར་༽་ལ་སྐྱོན་བརྗོད། བོད་མི་བཙན་བྱོལ་བའི་གཏམ་རྒྱུད་ཀྱི་པར་དེབ། སོ་སོའི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག ཁམས་པའི་སྨྱུག་ཚོགས་ཀྱི་དྲ་ཚིགས་གསར་བ་བཅས་ཕྱོགས་སྒྲིག་བྱས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༧ ཚེས་༡༥ - སྤྱི་ཟླ་བདུན་པ། ༡༦, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༧ ཚེས་༡༥ - སྤྱི་ཟླ་བདུན་པ། ༡༦, ༢༠༢༢
    ཐེངས་འདིའི་དྲ་སྣང་གི་བོད་་ལེ་ཚན་དུ་ནང་པའི་ཞལ་འདོན་གྱི་ཁ་པར་བཀོལ་ཆས་དང་ཁ་བྲལ་བ་རྩིས་སྤྲོད་བྱེད་དགོས་པའི་བརྡ་ཁྱབ། ཉི་ཧོང་སྲིད་བློན་ཟུར་བ་བསད་པར་རྒྱའི་དྲ་མང་གི་དགའ་སྟོན། འཆི་མེད་ལྷ་མོའི་འོས་བསྡུའི་དྲིལ་བསྒྲགས། ཕུར་བུ་བཀྲིས་རྣམ་རྒྱལ་གྱི་དགེ་རྩའི་དགོང་ཚོགས། གཞས་མ་ཆུང་ཆུང་དྭངས་གསལ་ལྷ་མོའི་གཞས་ཤིག་བཅས་ཡོད།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io