Logo

    འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ། - ཨ་རིའི་རླུང་འཕྲིན་ཁང་།

    ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
    bo50 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (50)

    མངའ་གནས་འཁྲུག་གཏོར་གྱི་སྨན་Mifepriston ཁྲོམ་རར་གནས་ཆོག་པའི་ཐག་གཅོད། - སྤྱི་ཟླ་བཞི་པ། ༢༣, ༢༠༢༣

    མངའ་གནས་འཁྲུག་གཏོར་གྱི་སྨན་Mifepriston ཁྲོམ་རར་གནས་ཆོག་པའི་ཐག་གཅོད།  - སྤྱི་ཟླ་བཞི་པ། ༢༣, ༢༠༢༣
    ༄༅། །ཨ་རིའི་བྷ་ཊན་འཛིན་སྐྱོང་དང་། སྨན་སྦྱོར་བཟོ་ལས་ཁང་གཉིས་ཀྱིས་རེ་སྐུལ་བྱས་པ་ལྟར་ཨ་རིའི་ནང་ཡོངས་ཁྱབ་ཆེ་བའི་མངའ་གནས་འཁྲུག་གཏོར་ཀྱི་སྨན་Mifepristone ཞེས་པ་དེ་མུ་མཐུད་ནས་ཨ་རིའི་ཁྲོམ་རར་གནས་ཆོག་པ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་གནང་བའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

    སན་ཧྥི་རན་སེ་སི་ཁོར་ཉིན་གསུམ་རིང་སཱི་ཤེས་ཡོན་ཟབ་སྦྱོང་གནང་བར་བསྐྱར་ཞིབ། - སྤྱི་ཟླ་གསུམ་པ། ༢༨, ༢༠༢༣

    སན་ཧྥི་རན་སེ་སི་ཁོར་ཉིན་གསུམ་རིང་སཱི་ཤེས་ཡོན་ཟབ་སྦྱོང་གནང་བར་བསྐྱར་ཞིབ། - སྤྱི་ཟླ་གསུམ་པ། ༢༨, ༢༠༢༣
    ༄༅། །ཉེ་ཆར་ཨ་མེ་རི་ཀའི་མངའ་སྡེ་ཁ་ལི་ཧྥོ་ནཱི་ཡའི་གྲོང་ཁྱེར་སན་ཧྥི་རན་སེ་སི་ཁོའི་ནང་། ཉིན་གསུམ་རིང་བྱང་ཨ་རིའི་བཟའ་མཇུག་སློབ་གྲྭཱའི་དྭང་བླངས་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་བསླབ་གཞིའི་སྐོར་ལ་ཟབ་སྦྱོང་ཞིག་གནང་བའི་ཐད་བསྐྱར་ཞིབ་ཞུས་པ་ཞིག་འདིར་འཁོད་ཡོད།

    ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རབས་དང་གལ་གནད་སྐོར། - སྤྱི་ཟླ་གཉིས་པ། ༢༨, ༢༠༢༣

    ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རབས་དང་གལ་གནད་སྐོར། - སྤྱི་ཟླ་གཉིས་པ། ༢༨, ༢༠༢༣
    བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་དོར་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རབས་སྐོར་བོད་མི་ན་གཞོན་ཚོས་ངེས་པར་དུ་སྦྱང་བརྩོན་བྱས་ཏེ། གོ་རྟོགས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་ལུགས་གསུངས་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་གནང་བ་ཞིག་འདིར་འཁོད་ཡོད།

    རིགས་རྒྱུན་གསི་ཐོག་ནས་ཀླད་པའི་ནད་གཞིར་དྲག་སྐྱེད། - སྤྱི་ཟླ་དང་པོ། ༢༥, ༢༠༢༣

    རིགས་རྒྱུན་གསི་ཐོག་ནས་ཀླད་པའི་ནད་གཞིར་དྲག་སྐྱེད། - སྤྱི་ཟླ་དང་པོ། ༢༥, ༢༠༢༣
    ༄༅། །མིའི་ཀླད་པར་དམིགས་བཀར་བྱས་ཏེ་རིགས་རྒྱུན་གསོ་དཔྱད་འམ་Gene Theraphy་ཐོག་ནས་བཅོས་ཐབས་བྱེད་བཞིན་པའི་ཐབས་ལམ་ཞིག་ལ་ལམ་ལྷོང་ཆེན་པོ་བྱུང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག འདིའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

    གཅིན་སྙིའི་ནད་གཞི་ཡོད་མཁན་ཚོའི་ཁྲོད་ལ་སེམས་ཞུམ་པའི་དཀའ་ངལ་ཡོད་མཁན་ཇེ་མང་ཏུ་འགྲོ་བཞིན་པ། - སྤྱི་ཟླ་བཅུ་པ། ༡༡, ༢༠༢༢

    གཅིན་སྙིའི་ནད་གཞི་ཡོད་མཁན་ཚོའི་ཁྲོད་ལ་སེམས་ཞུམ་པའི་དཀའ་ངལ་ཡོད་མཁན་ཇེ་མང་ཏུ་འགྲོ་བཞིན་པ། - སྤྱི་ཟླ་བཅུ་པ། ༡༡, ༢༠༢༢
    ༄༅། ཚན་རིག་གི་དུས་དེབ་ཞིག་གི་ནང་བཏོན་པའི་ཉམས་ཞིབ་པའི་སྙན་ཐོར་གཅིན་སྙིའི་ནད་རིགས་གཉིས་པ་ན་མཁན་ཚོའི་ཁྲོད་ལ་སེམས་ངལ་གྱི་ནད་གཞི་ཡོད་མཁན་ཧ་ཅང་མང་པོ་བྱུང་བཞིན་པ་གསལ་སྟོན་བྱས་ཡོད་པའི་སྐོར་རིག་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

    ཡུ་རོབ་ཀྱི་རྒྱབ་རྟེན་འོག་ཡུཀ་རེན་གྱི་དྲག་ཤུགས་ཡར་རྒྱས། - སྤྱི་ཟླ་གཉིས་པ། ༠༢, ༢༠༢༢

    ཡུ་རོབ་ཀྱི་རྒྱབ་རྟེན་འོག་ཡུཀ་རེན་གྱི་དྲག་ཤུགས་ཡར་རྒྱས། - སྤྱི་ཟླ་གཉིས་པ། ༠༢, ༢༠༢༢
    གཟའ་མིག་དམར་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་མ་འོངས་པའི་ལོ་གསུམ་གྱི་ནང་ཚུད་དུ་རྒྱལ་ནང་གི་དམག་མིའི་གྲངས་འབོར་འབུམ་གཅིག་ཙམ་དང་དམག་གི་གླ་ཕོགས་ཀྱང་སྤར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར།

    ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་གྲོས་མོལ། - སྤྱི་ཟླ་གཉིས་པ། ༠༢, ༢༠༢༢

    ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་གྲོས་མོལ། - སྤྱི་ཟླ་གཉིས་པ། ༠༢, ༢༠༢༢
    ༄༅། ཨ་མི་རི་ཀ་དང་ཨུ་རུ་སུའི་སྐུ་ཚབ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ཡུཀ་རེན་གྱི་གནད་དོན་ལ་བཤད་རེས་ཤུགས་ཆེན་ཐུག་ཡོད་ཅིང་། རེས་གཟའ་མིག་དམར་ཉིན་ཨ་རི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཁ་པར་ནང་དུ་གྲོས་མོལ་གནང་ཡོད་པའི་སྐོར།

    ཨ་རིའི་ས་མཚམས་སུ་རྒྱ་གར་བ་བཞི་འཁྱག་ཕྱིད་ཐེབས་ནས་འདས་གྲོངས། - སྤྱི་ཟླ་དང་པོ། ༢༨, ༢༠༢༢

    ཨ་རིའི་ས་མཚམས་སུ་རྒྱ་གར་བ་བཞི་འཁྱག་ཕྱིད་ཐེབས་ནས་འདས་གྲོངས། - སྤྱི་ཟླ་དང་པོ། ༢༨, ༢༠༢༢
    ཨ་རི་དང་ཁེ་ན་ཌའི་ས་མཚམས་སུ་རྒྱ་གར་བའི་ཁྱིམ་ཚང་ཞིག་གི་བཟའ་ཚང་གཉིས་དང་ཕྲུ་གུ་གཉིས་བཅས་བཟའ་མི་བཞི་པོ་འཁྱག་ཕྱིད་ཐེབས་ནས་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཞིང་། ད་ལྟ་རྒྱ་གར་གྱི་ཉེན་རྟོག་མི་སྣ་ཚོས་ཁྲིམས་འགལ་ནག་ཚོང་རྒྱག་མཁན་དོགས་ཡོད་མི་བདུན་འཛིན་བཟུང་བྱས་ནས་ཐབས་རྡུགས་ཀྱི་གནས་ཚུལ་དེར་རྩད་གཅོད་བྱེད་ཀྱི་ཡོད་པ་

    ཨུ་རུ་སུ་དང་ཡུཀ་རེན་གྱི་གྲོས་མོལ། - སྤྱི་ཟླ་དང་པོ། ༢༧, ༢༠༢༢

    ཨུ་རུ་སུ་དང་ཡུཀ་རེན་གྱི་གྲོས་མོལ། - སྤྱི་ཟླ་དང་པོ། ༢༧, ༢༠༢༢
    ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་ཁྱོན་ཆེ་ཞིག་འགྲེམ་འཇོག་བྱེད་ཡོད་པའི་རྐྱེན་གྱིས་དམག་འཁྲུག་གི་ཛ་དྲག་ཡོད་པ་ཞི་ཐབས་སུ་ཧྥ་རན་སིར་མཐོ་རིམ་ཕྱི་འབྲེལ་མི་སྣ་རིམ་པའི་གྲོས་མོལ་ཞིག་དབུ་འཛུགས་གནང་ཡོད་ཅིང་།

    ༢༠༡༩་ལོར་ཏོག་དབྱིབས་རིམས་ནད་གསར་པ། - སྤྱི་ཟླ་གསུམ་པ། ༠༥, ༢༠༢༠

    ༢༠༡༩་ལོར་ཏོག་དབྱིབས་རིམས་ནད་གསར་པ། - སྤྱི་ཟླ་གསུམ་པ། ༠༥, ༢༠༢༠
    ༄༅།། ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་རྒྱ་ནག་གི་ཝུ་ཧན་ནས་ཐོན་པའི་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་གསར་པ་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་བརྡལ་ཤུགས་ཆེན་འགྲོ་བཞིན་པའི་གནས་ཚུལ་གཙོ་བོ་ཁག་དང་། དེ་བཞིན་ན་ཚ་དེའི་ནད་རྟགས་དང་སྔོན་འགོག་བྱེད་ཐབས་སྐོར། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

    སེམས་པ་རེ་བ་དང་ལྡན་པ་ཞིག་འབྱུང་ཐབས། - སྤྱི་ཟླ་བཅུ་པ། ༠༤, ༢༠༡༩

    སེམས་པ་རེ་བ་དང་ལྡན་པ་ཞིག་འབྱུང་ཐབས། - སྤྱི་ཟླ་བཅུ་པ། ༠༤, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་སེམས་རེ་བ་དང་ལྡན་པ་ཞིག་འབྱུང་ཐབས་ལ་ནང་ཆོས་ཀྱི་ཉམས་ལེན་ཅི་འདྲ་ཡོད་མེད་སོགས་ལ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་མཁས་པོ་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

    རེ་ལྡན་སེམས་ཀྱི་འཁྱེར་སོ་དང་ཚེ་ཐག - སྤྱི་ཟླ་དགུ་པ། ༢༦, ༢༠༡༩

    རེ་ལྡན་སེམས་ཀྱི་འཁྱེར་སོ་དང་ཚེ་ཐག - སྤྱི་ཟླ་དགུ་པ། ༢༦, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ལ་རེ་བ་དང་ལྡན་པའི་སེམས་ཀྱི་འཁྱེར་སོ་ཅན་གྱི་མི་རྣམས་ཚེ་ཐག་རིང་བར་སྡོད་ཐུབ་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་ཐོན་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

    ཀླད་པའི་འཕེལ་སྐྱེད། - སྤྱི་ཟླ་དགུ་པ། ༡༢, ༢༠༡༩

    ཀླད་པའི་འཕེལ་སྐྱེད། - སྤྱི་ཟླ་དགུ་པ། ༡༢, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་ཀླད་པའི་འཕྲོད་བསྟེན་དང་འབྲེལ་བའི་ལེ་ཚན་ཁག་ཅིག་སྙན་སྒྲོན་ཞུ་ཡི་ཡོད་པ་ལྟར་མིའི་ཀླད་པ་ཡར་རྒྱས་དང་དེའི་འཕེལ་སྐྱེད་སོགས་ལ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་བྱིས་པའི་སྨན་དོན་ལྟེ་གནས་ཁང་གི་དབུས་ཀླད་ཁམས་ཚན་རིག་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཌོག་ཊོར་ཇཱོ་ཤི་ཁོར་ཌོན་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་བཅར་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

    ཀླད་པའི་ཕྲ་ཕུང་དང་ཀླད་རྫས་ཀྱི་ལས་བྱེད། - སྤྱི་ཟླ་དགུ་པ། ༠༤, ༢༠༡༩

    ཀླད་པའི་ཕྲ་ཕུང་དང་ཀླད་རྫས་ཀྱི་ལས་བྱེད། - སྤྱི་ཟླ་དགུ་པ། ༠༤, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་ཀླད་པའི་འཕྲོད་བསྟེན་སྐོར་ལ་སྙན་སྒྲོན་ཞུ་རྒྱུའི་གྲས་སུ་ཀླད་པའི་ཕྲ་ཕུང་དང་ཀླད་རྫས་ཀྱི་བྱེད་ལས། ཀླད་པའི་ཕྲ་ཕུང་དང་ཀླད་རྫས་ཉམས་པའི་གནོད་པ་དང་དེ་དག་ལ་སྲུང་སྐྱོབ་བྱ་ཐབས་སོགས་ལེ་ཚན་གཙོང་སྐྱོང་བ་ཡེ་ཤེས་ལགས་ཀྱིས་ཀླད་ཁམས་ཚན་རིག་མཁས་པ་ཞིག་ལ་གླེང་མོལ་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

    འཚིག་ཇའི་འཕྲོད་བསྟེན་གྱི་ཕན་གནོད། - སྤྱི་ཟླ་དྲུག་པ། ༠༥, ༢༠༡༩

    འཚིག་ཇའི་འཕྲོད་བསྟེན་གྱི་ཕན་གནོད། - སྤྱི་ཟླ་དྲུག་པ། ༠༥, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་འ ཚིག་ཇའམ། ཁོ་ཧྥི་དང་འཕྲོད་བསྟེན་གྱི་འབྲེལ་བ། འཚིག་ཇ་འཐུང་རྒྱུ་མང་ཉུང་ལ་ཁྱད་པར་ཡོད་མེད་ཐད་དུ་ཞིབ་འཇུག་ཁག་མི་འདྲ་བ་བྱས་པ་བརྒྱུད་ནས་གནས་ཚུལ་ཅི་ཞིག་ཤེས་རྟོགས་བྱུང་ཡོད་མེད་སྐོར། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

    ཆུང་དུས་བཙན་གནོན་མྱོང་ན་མི་ཚེ་ཧྲིལ་པོར་དཀའ་ངལ། - སྤྱི་ཟླ་ལྔ་པ། ༡༥, ༢༠༡༩

    ཆུང་དུས་བཙན་གནོན་མྱོང་ན་མི་ཚེ་ཧྲིལ་པོར་དཀའ་ངལ། - སྤྱི་ཟླ་ལྔ་པ། ༡༥, ༢༠༡༩
    ལོ་ཆུང་བྱིས་པའི་དུས་སུ་ཕ་མས་ལྟ་སྐྱོང་ཡག་པོ་མ་བྱས་པ་དང་མཐོང་ཆུང་། དམའ་འབེབས་དང་བཙན་གནོན། གཙན་གཡེམ་སོགས་ཕོག་པ་ཡིན་ན་བྱིས་པ་དེ་འཚར་ལོངས་བྱུང་དུས་མི་ཚེ་ལ་སྐྱོན་ཆེན་པོ་ཕོག་གི་ཡོད་ཅིང་། དཔེར་ན་ཕྱིའི་ལུས་པོའི་འཕྲོད་བསྟེན་དང་ནང་སེམས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་འབྱུང་གི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

    མིའི་སེམས་ཀྱི་སྤོབས་པ་ནི་ནུས་པའི་འབྱུང་ཁུངས་ཡིན། - སྤྱི་ཟླ་བཞི་པ། ༡༡, ༢༠༡༩

    མིའི་སེམས་ཀྱི་སྤོབས་པ་ནི་ནུས་པའི་འབྱུང་ཁུངས་ཡིན། - སྤྱི་ཟླ་བཞི་པ། ༡༡, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་བ་དང་འཚོ་བའི་སློབ་སྟོན་པ་ཁག་གིས་མིའི་མི་ཚེའི་ནང་དུ་དཀའ་ངལ་འཕྲད་དུས་གདོང་ལེན་བྱེད་ཕྱོགས་སུ་ལམ་སྟོན་བྱས་པའི་གནས་ཚུལ་ཁག་ཅིག་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

    འཕྲོད་བསྟེན་ལེ་ཚན། སེམས་ཁམས་རིག་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༡༩

    འཕྲོད་བསྟེན་ལེ་ཚན།  སེམས་ཁམས་རིག་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༡༩
    ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ལ་ནང་པའི་སེམས་ཁམས་རིག་པས་མིའི་སེམས་ཀྱི་དཀའ་ངལ་སེལ་ཐབས་ལ་ཕན་ནུས་ཅི་འདྲ་འབྱུང་གི་ཡོད་པ་དང་། ནུབ་ཕྱོགས་ཀྱི་ནང་པའི་སེམས་ཁམས་རིག་པ་བ་ཚོས་ནད་པར་བཅོས་ཐབས་ཅི་འདྲ་བྱེད་ཀྱི་ཡོད་པ་སོགས་ལ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

    རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན། - སྤྱི་ཟླ་དགུ་པ། ༢༦, ༢༠༡༨

    རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱི་གྲོས་མཐུན། - སྤྱི་ཟླ་དགུ་པ། ༢༦, ༢༠༡༨
    འདས་པའི་གཟའ་མཇུག་ཏུ་རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཆེན་མོ་ཝེ་ཊི་ཁན་གྱིས་གྲོས་མཐུན་ཐེངས་དང་པོར་བཞག་སྟེ། ཡེ་ཤུའི་ཆོས་ལུགས་ཀྱི་གདན་ས་དེར་ལོ་རྒྱུས་ཀྱི་སྐུ་དབང་ཡོད་པ་རྣམས་རྒྱ་ནག་གཞུང་ལ་སྤྲོད་རྒྱུ་དང་། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱས་ཡོད་པ་དེར་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱ་རྒྱུའི་གྲོས་མཐུན་བྱུང་མོད།

    ཚ་བའི་ན་ཚའི་འོག་ལོ་རེར་མི་ས་ཡ་མང་པོར་འཆི་སྐྱོན་ཡོང་བཞིན་པ། - སྤྱི་ཟླ་བདུན་པ། ༡༩, ༢༠༡༨

    ཚ་བའི་ན་ཚའི་འོག་ལོ་རེར་མི་ས་ཡ་མང་པོར་འཆི་སྐྱོན་ཡོང་བཞིན་པ། - སྤྱི་ཟླ་བདུན་པ། ༡༩, ༢༠༡༨
    ༄༅།།ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། འཛམ་གླིང་ནང་གནམ་གཤིས་ཚ་བ་ཆེ་བའི་རྐྱེན་གྱིས་ལོ་རེར་མི་ས་ཡ་མང་པོ་འཆི་སྐྱོན་ཡོང་བཞིན་པའི་སྐོར་དང་། ཚ་བ་དང་འབྲེལ་བའི་འཕྲོད་བསྟེན་ལ་དཀའ་ངལ་ག་རེ་ཡོང་གི་ཡོད་པ། དེ་དག་གི་ནད་རྟགས་གང་འདྲ་ཐོན་གྱི་ཡོད་པ། དེ་ལ་གདོང་ལེན་ཅི་འདྲ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io