Logo

    བསྐྱར་ཞིབ།

    Explore " བསྐྱར་ཞིབ།" with insightful episodes like "སྒོ་རྒྱ་བསྡམས་པའི་ཧྲང་ཧེ་གྲོང་གི་གཏམ་རྒྱུད། - སྤྱི་ཟླ་བཞི་པ། ༡༦, ༢༠༢༢", "ཕུ་ཊིན་གི་དམག་འཁྲུག - སྤྱི་ཟླ་གཉིས་པ། ༢༦, ༢༠༢༢", "ཕུ་ཊིན་གྱིས་ངོས་འཛིན་བྱས་པའི་རྒྱལ་ཁབ་གསར་པ་གཉིས། - སྤྱི་ཟླ་གཉིས་པ། ༢༥, ༢༠༢༢", "ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་གི་ཡ་ངའི་གནས་སྟངས་ཀྱིས་རྒྱ་ནག་ལ་གཡོ་འགུལ་ཐེབས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༢" and "ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་གསར་པ། - སྤྱི་ཟླ་གཉིས་པ། ༡༡, ༢༠༢༢" from podcasts like ""བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།" and "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།"" and more!

    Episodes (22)

    སྒོ་རྒྱ་བསྡམས་པའི་ཧྲང་ཧེ་གྲོང་གི་གཏམ་རྒྱུད། - སྤྱི་ཟླ་བཞི་པ། ༡༦, ༢༠༢༢

    སྒོ་རྒྱ་བསྡམས་པའི་ཧྲང་ཧེ་གྲོང་གི་གཏམ་རྒྱུད། - སྤྱི་ཟླ་བཞི་པ། ༡༦, ༢༠༢༢
    ༄༅།། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེར་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་གྲོང་ཁྱེར་དེའི་མི་དམངས་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧྲང་ཧེའི་གྲོང་མི་ཚོར་འཕྲད་ཀྱི་ཡོད་པའི་དཀའ་ངལ་གྱི་གནས་ཚུལ་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།།

    ཕུ་ཊིན་གི་དམག་འཁྲུག - སྤྱི་ཟླ་གཉིས་པ། ༢༦, ༢༠༢༢

    ཕུ་ཊིན་གི་དམག་འཁྲུག - སྤྱི་ཟླ་གཉིས་པ། ༢༦, ༢༠༢༢
    ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུ་རོབ་ལ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དམག་འཁྲུག་ཆེ་ཤོས་འདི་བསླངས་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལས་ལེ་ཚན་ལ་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་འདི་སློང་དགོས་དོན་ཅི་ཡིན་སོགས་ལ་དཔྱད་ཞིབ་པ་ཚོའི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།།

    ཕུ་ཊིན་གྱིས་ངོས་འཛིན་བྱས་པའི་རྒྱལ་ཁབ་གསར་པ་གཉིས། - སྤྱི་ཟླ་གཉིས་པ། ༢༥, ༢༠༢༢

    ཕུ་ཊིན་གྱིས་ངོས་འཛིན་བྱས་པའི་རྒྱལ་ཁབ་གསར་པ་གཉིས། - སྤྱི་ཟླ་གཉིས་པ། ༢༥, ༢༠༢༢
    གཟའ་འཁོར་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་ཤིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་གནས་ཚུལ་དེའི་སྐོར་གླེང་སློ་ཞུ་རྒྱུ་ཡིན།།

    ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་གི་ཡ་ངའི་གནས་སྟངས་ཀྱིས་རྒྱ་ནག་ལ་གཡོ་འགུལ་ཐེབས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༢

    ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་གི་ཡ་ངའི་གནས་སྟངས་ཀྱིས་རྒྱ་ནག་ལ་གཡོ་འགུལ་ཐེབས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༢
    ཉེ་དུས་རྒྱ་ནག་གི་གྲོང་གསེབ་ཅིག་ཏུ་ཕྲུ་གུ་བརྒྱད་ཀྱི་ཨ་མ་ཞིག་ལྩགས་ཐག་གིས་བཅིངས་ནས་གྲང་ངར་ཆེ་བའི་ཁང་སྟོང་ཞིག་ནང་དུ་བཞག་ཡོད་པའི་གནས་ཚུལ་ཐོན་ཞིང་། གསར་འགྱུར་ལ་ཕྱིར་བསྒྲགས་བྱུང་བའི་རྗེས་སུ་དེང་སྐབས་རྒྱ་ནག་ཏུ་ལོ་མང་རིང་མཐོང་ཐོས་བྱུང་མྱོང་མེད་པའི་བགྲོ་གླེང་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་རེད། དེ

    ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་གསར་པ། - སྤྱི་ཟླ་གཉིས་པ། ༡༡, ༢༠༢༢

    ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་གསར་པ། - སྤྱི་ཟླ་གཉིས་པ། ༡༡, ༢༠༢༢
    ཞིས་ཅིན་ཕིང་ལ་གདེང་འཇོག་གི་རྩོམ་ཡིག་རྣམས་ཉིན་ལྟར་བཅུ་ཕྲག་མང་པོ་འཐོན་གྱི་ཡོད་ཅིང་། འདས་པའི་ཉིན་ཤས་རིང་ཞིས་ཅིན་ཕིང་ལ་གཟུར་གནས་ཀྱི་གདེང་འཇོག་ཟེར་བའི་རྒྱ་ཡིག་གི་ཡིག་འབྲུ་ཁྲི་བཞི་ཡོད་པའི་རྩོམ་ཡིག་རིང་པོ་ཞིག་ཐོན་པར་མི་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག

    དུས་སྐབས་མི་འདྲ་བ་གཉིས་ཀྱི་པེ་ཅིང་གི་ཨོ་ལིམ་ཕིཀ - སྤྱི་ཟླ་གཉིས་པ། ༠༥, ༢༠༢༢

    དུས་སྐབས་མི་འདྲ་བ་གཉིས་ཀྱི་པེ་ཅིང་གི་ཨོ་ལིམ་ཕིཀ - སྤྱི་ཟླ་གཉིས་པ། ༠༥, ༢༠༢༢
    ཞིས་ཅིན་ཕིང་གིས་རྒྱ་ནག་ལ་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་སྐབས་པེ་ཅིང་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འགོ་ཚུགས་ཡོད་ཅིང་། ༢༠༠༨ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་དང་ད་རེས་༢༠༢༢་ལོའི་པེ་ཅིང་གི་རྩེད་འགྲན་གཉིས་ལ་ཆབ་སྲིད་ཀྱི་ཁོར་ཡུག་མི་འདྲ་བ་གང་འཚམ་ཡོད་པ་སོགས་ལ་གླེང་སློང་ཞུ་རྒྱུ་ཡིན།

    རྒྱ་ནག་གི་མིའི་སྐྱེས་ཚད་ཇེ་ཉུང་དང་ཆབ་སྲིད་དཔལ་འབྱོར་ལ་ཤུགས་རྐྱེན། - སྤྱི་ཟླ་དང་པོ། ༢༡, ༢༠༢༢

    རྒྱ་ནག་གི་མིའི་སྐྱེས་ཚད་ཇེ་ཉུང་དང་ཆབ་སྲིད་དཔལ་འབྱོར་ལ་ཤུགས་རྐྱེན། - སྤྱི་ཟླ་དང་པོ། ༢༡, ༢༠༢༢
    རྒྱ་ནག་གཞུང་གིས་༢༠༢༡་ལོར་རྒྱ་ནག་ལ་ཕྲུ་གུ་སྐྱེས་པའི་གྲངས་འབོར་ནི་འདས་པའི་ལོ་༦༠་ཡས་མས་ཤིག་གི་རིང་དུ་བྱུང་མྱོང་མེད་པའི་སྐྱེས་ཚད་ཀྱི་གྲངས་འབོར་ཆེས་ཉུང་ཤོས་སུ་གྱུར་པ་ངོས་ལེན་བྱས་ཡོད་ཅིང་། རྒྱ་ནག་གི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་འདིས་ཆབ་སྲིད་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་སོགས་ལ་གླེང་།

    ཐ་ལི་བྷན་ཟེར་བའི་ཚོགས་པ་འདི་ཅི་ལྟར་བྱུང་བ་རེད་དམ། - སྤྱི་ཟླ་བརྒྱད་པ། ༢༢, ༢༠༢༡

    ཐ་ལི་བྷན་ཟེར་བའི་ཚོགས་པ་འདི་ཅི་ལྟར་བྱུང་བ་རེད་དམ། - སྤྱི་ཟླ་བརྒྱད་པ། ༢༢, ༢༠༢༡
    ཐ་ལི་བྷན་ཚོགས་པས་ཨ་ཧྥུ་གྷ་ནི་སི་ཐན་གྱི་གཞུང་དམག་དུས་ཚོད་ཐུང་ཐུང་གི་རིང་གཏོར་ཕམ་བཏང་སྟེ་རྒྱལ་ཁབ་འདིར་དབང་སྒྱུར་བྱེད་མགོ་བཙུགས་ཡོད་པ་ལྟར། དེ་རིང་གི་ང་ཚོའི་ཕ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་ཐ་ལི་བྷན་ཟེར་བའི་ཚོགས་པ་འདི་ཅི་ལྟར་མགོ་བཙུགས་ཡོད་མེད་དང་། ཁོ་ཚོའི་བསམ་བློའི་ལྟ་གྲུབ་ཅི་ལྟ་བུ་ཞིག་ཡིན་མིན་སོགས།

    སྲིད་འཛིན་ལྐོག་གསོད་བྱས་པའི་གཞུག་གི་ཧེ་ཊིའི་གནས་སྟངས། - སྤྱི་ཟླ་བདུན་པ། ༢༦, ༢༠༢༡

    སྲིད་འཛིན་ལྐོག་གསོད་བྱས་པའི་གཞུག་གི་ཧེ་ཊིའི་གནས་སྟངས། - སྤྱི་ཟླ་བདུན་པ། ༢༦, ༢༠༢༡
    ༄༅།། ཉེ་དུས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧེ་ཊིའི་སྲིད་འཛིན་མཚན་མོར་ལྐོག་གསོད་བྱས་པའི་གཞུག་ནས་རྒྱལ་ནང་ལ་མུ་མཐུད་དུ་ཟང་ཟིན་གྱི་གནས་ཚུལ་འབྱུང་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧེ་ཊིའི་དཀའ་ངལ་དེ་དག་གི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སོགས་གླེང་སློང་ཞུ་རྒྱུ་ཡིན།།

    ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བ། - སྤྱི་ཟླ་བདུན་པ། ༢༠, ༢༠༢༡

    ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བ། - སྤྱི་ཟླ་བདུན་པ། ༢༠, ༢༠༢༡
    ༄༅།། ཉེ་དུས་རྒྱ་ནག་གཞུང་གིས་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བསྡུས་རུབ་བྱེད་པར་ཡོང་མཁན་ཌི་ཌི་ཟེར་བའི་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་ཡོད་ཅིང་། འདི་ནི་རྒྱ་ནག་གཞུང་གིས་རང་ཡུལ་གྱི་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་ཨ་མི་རི་ཀར་ཚོང་འབྲེལ་མེད་པར་བཟོ་རྒྱུའི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་མཚོན་གྱི་འདུག

    ཨ་རིའི་དམག་དཔུང་ཨབ་གྷི་ཎི་སི་ཐན་ནས་ཕྱིར་འཐེན། - སྤྱི་ཟླ་བདུན་པ། ༠༤, ༢༠༢༡

    ཨ་རིའི་དམག་དཔུང་ཨབ་གྷི་ཎི་སི་ཐན་ནས་ཕྱིར་འཐེན། - སྤྱི་ཟླ་བདུན་པ། ༠༤, ༢༠༢༡
    ལོ་༢༠་ཐམ་པའི་རྗེས་སུ་ཨ་རིའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཡོངས་སུ་ཕྱིན་འཐེན་བྱེད་ཀྱི་ཡོད་པས་ཨ་རི་དམག་དཔུང་རྣམས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱལ་ཁབ་དེའི་སྲིད་གཞུང་མུ་མཐུད་དུ་གནས་ཐུབ་མིན་ལ་མི་ཚོས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།

    ཀུ་ཤུ་ཚགས་པར་དང་ཧོང་ཀོང་གི་རང་དབང་གསར་ཁང་གི་ལས་དབང་། - སྤྱི་ཟླ་དྲུག་པ། ༢༢, ༢༠༢༡

    ཀུ་ཤུ་ཚགས་པར་དང་ཧོང་ཀོང་གི་རང་དབང་གསར་ཁང་གི་ལས་དབང་། - སྤྱི་ཟླ་དྲུག་པ། ༢༢, ༢༠༢༡
    ༄༅།། གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ལྔ་བརྒྱ་ལྷག་གིས་མངའ་ཁུལ་དེའི་གསར་ཁང་ཆེ་ཤོས་ཤིག་གི་ལས་ཁུངས་ཀྱི་མཐའ་བསྐོར། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གཙོ་བོ་ལྔ་འཛིན་བཟུང་བྱས་ཤིང་། དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ནང་དུ་རྒྱ་ནག་གི་དམ་དྲག་འོག་ཧོང་ཀོང་གི་རང་དབང་གསར་ཁང་

    རྒྱ་ནག་གིས་སྒྲུང་ཡག་ག་ཞིག་བཤད་རྒྱུ་ཡོད་དམ། - སྤྱི་ཟླ་དྲུག་པ། ༠༦, ༢༠༢༡

    རྒྱ་ནག་གིས་སྒྲུང་ཡག་ག་ཞིག་བཤད་རྒྱུ་ཡོད་དམ། - སྤྱི་ཟླ་དྲུག་པ། ༠༦, ༢༠༢༡
    ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གི་དབུས་རྒྱུན་ལས་ཀྱི་ཚོགས་འདུའི་ཐོག་ཏུ་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྒྲུང་ཡག་པོ་ཞིག་བཤད་ཐབས་བྱ་དགོས་ཞེས་བསྐྱར་དུ་ནན་བརྗོད་བྱས་པར་མ་ཟད། ང་ཚོས་འཛམ་གླིང་གིས་རྒྱ་ནག་ལ་ཡིད་ཆེས་འཕེར་བ་དང་དགའ་འོས་པ། གུས་བཀུར་བྱེད་པའི་རྒྱ་ནག་གི་རྣམ་པ་ཞིག་བསྐྲུན་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་

    ནད་དུག་གི་བྱུང་ཁུངས་ལ་གླེང་སློང་གསར་པ་བྱུང་བའི་རྒྱབ་ལྗོངས། - སྤྱི་ཟླ་ལྔ་པ། ༣༠, ༢༠༢༡

    ནད་དུག་གི་བྱུང་ཁུངས་ལ་གླེང་སློང་གསར་པ་བྱུང་བའི་རྒྱབ་ལྗོངས། - སྤྱི་ཟླ་ལྔ་པ། ༣༠, ༢༠༢༡
    ༄༅།། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཏོག་དབྱིབས་ནད་དུག་འདི་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཇི་ལྟར་ཁྱབ་ཡོད་མེད་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྩད་ཞིབ་བསྐྱར་དུ་བྱེད་དགོས་པའི་བཀའ་བཏང་ཡོད་ཅིང་།

    རྒྱ་ནག་གི་མི་འབོར་དང་མ་འོངས་བོད་ལ་བྱུང་སྲིད་པའི་ཤུགས་རྐྱེན། - སྤྱི་ཟླ་ལྔ་པ། ༡༤, ༢༠༢༡

    རྒྱ་ནག་གི་མི་འབོར་དང་མ་འོངས་བོད་ལ་བྱུང་སྲིད་པའི་ཤུགས་རྐྱེན། - སྤྱི་ཟླ་ལྔ་པ། ༡༤, ༢༠༢༡
    ༄༅།། གཟའ་མིག་དམར་ཉིན་རྒྱ་ནག་གི་ལོ་བཅུ་རེའི་མི་འབོར་ཞིབ་བཤེར་གྱི་བསྡོམས་རྩིས་གསར་ཤོས་དེ་གསལ་བསྒྲགས་བྱས་ཡོད་ཅིང་། མཁས་པ་མང་པོས་སྔོན་ནས་ཚོད་དཔག་བྱས་པ་བཞིན་དེང་སྐབས་རྒྱ་ནག་གི་མི་འབོར་འཕར་སྣོན་འགྲོ་རྒྱུ་དལ་དུ་ཕྱིན་ཡོད་པར་མ་ཟད།

    ཨ་རིར་ནད་ཡམས་བཀག་སྡོམ་དང་ནད་པ་ཇེ་ཉུང་། - སྤྱི་ཟླ་ལྔ་པ། ༠༧, ༢༠༢༡

    ཨ་རིར་ནད་ཡམས་བཀག་སྡོམ་དང་ནད་པ་ཇེ་ཉུང་། - སྤྱི་ཟླ་ལྔ་པ། ༠༧, ༢༠༢༡
    འདས་པའི་ལོ་དེར་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་མང་ཤོས་བྱུང་ཡོད་ཅིང་། ད་ལོའི་ཕྱི་ཟླ་གཉིས་པ་ནས་ཨ་རིའི་གཞུང་གིས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་མྱུར་དུ་འགོ་བཙུགས་ཡོད་པས་དེང་སྐབས་ཨ་རིར་ནད་པའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

    ཌེ་རིཀ་ཤོ་ཝྭིན་ལ་བཅད་ཁྲ་བསྒྲགས་པ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༡

    ཌེ་རིཀ་ཤོ་ཝྭིན་ལ་བཅད་ཁྲ་བསྒྲགས་པ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༡
    ཨ་རིའི་ཁྲིམས་ཁང་ཞིག་གིས་ན་ནིང་ལོར་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོའི་སྐྱེས་པ་ཞིག་གི་མཇིང་པར་ཉེན་རྟོག་པ་ཤོ་ཝྭིན་གྱིས་པུས་མོ་བཙུགས་ནས་དུས་ཡུན་སྐར་མ་དགུ་ལྷག་བསྡད་པའི་རྗེས་སུ་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་འདས་གྲོངས་སུ་གྱུར། ཉེན་རྟོག་མི་སྣ་དེར་མི་བསད་པའི་ནག་ཉེས་ཡོད་པའི་བཅད་ཁྲ་བསྒྲགས་ཡོད་པ་རེད།

    ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ། - སྤྱི་ཟླ་བཞི་པ། ༠༨, ༢༠༢༡

    ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ། - སྤྱི་ཟླ་བཞི་པ། ༠༨, ༢༠༢༡
    ༢༠༡༩་ལོར་གཞུང་གིས་ཆོག་མཆན་མེད་པར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ལ་ཞུགས་པ་ནི་ཁྲིམས་འགལ་རེད་ཅེས་ནག་ཉེས་བཙུགས་འདུག དེ་རིང་གི་ང་ཚོའི་ཕོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་གྲས་ཀྱི་སྐུ་ཞབས་ལི་ཀྲི་དབྱིན་ནམ། ཇཱི་མཱི་ལེའི་སྐོར་ལ་དམིགས་བསལ་གྱིས་བགྲོ་གླེང་ཞུས་ཡོད།།

    རྩོད་གླེང་ཆེ་བའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་སྙན་ཐོ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༡

    རྩོད་གླེང་ཆེ་བའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་སྙན་ཐོ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༡
    ༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འདི་འཛམ་གླིང་ཡོངས་ལ་ཁྱབ་སྟེ་འགྲོ་བ་མིའི་ཉེ་རབས་ལོ་རྒྱུས་སུ་འབྱུང་དཀོན་པའི་ནད་ཡམས་ཚབས་ཆེན་ཞིག་ཏུ་གྱུར་ཏེ་ལོ་གཅིག་ཕྱིན་པའི་སྐབས་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཞིབ་འཇུག་བྱས་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩོད་གཅོད་ཀྱི་སྙན་ཐོ་

    མི་རིགས་སྡང་འཛིན་དང་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཀྱི་གནས་སྟངས། - སྤྱི་ཟླ་གསུམ་པ། ༢༥, ༢༠༢༡

    མི་རིགས་སྡང་འཛིན་དང་ཨ་རིའི་ཨེ་ཤི་ཡའི་མི་རིགས་ཀྱི་གནས་སྟངས། - སྤྱི་ཟླ་གསུམ་པ། ༢༥, ༢༠༢༡
    ༄༅།། ཉེ་དུས་ཨ་རིའི་ཨེ་ཊི་ལན་ཊ་གྲོང་ཁྱེར་དུ་ཨེ་ཤི་ཡའི་བུད་མེད་དྲུག་བསད་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། དེང་སྐབས་ཨ་རིའི་སྤྱི་དམངས་ཨེ་ཤི་ཡའི་མི་རྒྱུད་ཡིན་པ་རྣམས་ལ་མི་རིགས་མཐོང་ཆུང་དང་དབྱེ་འབྱེད། ཐ་ན་ཨེ་ཤི་ཡའི་མི་རིགས་གྲས་ཀྱི་མི་ཁག་ཅིག་ལ་སྡང་ཟུག་དང་རྡུང་རྡེག་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གསར་འགྱུར་
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io