Logo

    གསར་འགྱུར

    Explore " གསར་འགྱུར" with insightful episodes like "ཅང་ཙེ་མཱིན་དང་བོད་དོན། - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢", "དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༢ ཚེས་༢ - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢", "རྒྱ་ནག་གི་མི་རབས་གསར་པར་སྐྱར་དུ་གདེང་འཇོག་ - སྤྱི་ཟླ་བཅུ་གཉིས་པ། ༠༢, ༢༠༢༢", "ཤོག་དཀར་གསར་བརྗེ། - སྤྱི་ཟླ་བཅུ་གཅིག་པ། ༢༩, ༢༠༢༢" and "རྒྱ་ནག་ལ་ངོ་རྒོལ་གྱི་རླུང་འཚུབ་ལྡང་བའི་མཚན་མོ། - སྤྱི་ཟླ་བཅུ་གཅིག་པ། ༢༨, ༢༠༢༢" from podcasts like ""ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།", "དྲ་སྣང་གི་བོད། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།" and "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།"" and more!

    Episodes (82)

    ཅང་ཙེ་མཱིན་དང་བོད་དོན། - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢

    ཅང་ཙེ་མཱིན་དང་བོད་དོན། - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢
    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཅང་ཙེ་མཱིན་གྱིས་བོད་ལ་བཟུང་བའི་སྲིད་ཇུས་དང་བོད་པའི་རིག་གཞུང་ལ་ལྟ་སྟངས། ཨ་ཀྱཱ་རིན་པོ་ཆེ་དང་ཅང་ཙེ་མཱིན་གྱི་འབྲེལ་བབ་སོགས་ལ་དེང་སྐབས་ཨ་མི་རི་ཀར་བཞུགས་ཡོད་པའི་སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་ཨ་ཀྱཱ་རིན་པོ་ཆེར་བཅར་འདྲི་ཞུས་ཡོད།།

    དྲ་སྣང་གི་བོད། ༢༠༢༢ ལོའི་ཟླ་༡༢ ཚེས་༢ - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢

    དྲ་སྣང་གི་བོད།  ༢༠༢༢ ལོའི་ཟླ་༡༢ ཚེས་༢ - སྤྱི་ཟླ་བཅུ་གཉིས་པ། ༠༣, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ཟུར་བཀག་ཁང་ནས་ཤི་བ་དང་ནང་མིའི་ཟིན་ཐོ་དང་། འཛམ་གླིང་རྐང་རྩེད་སྤོ་ལོའི་བརྙན་རིས་བཀག་སྡོམ། ཅྰང་ཙེ་མེན་ལ་མྱ་ངན་ཞུ་མཁན་གྱི་བོད་མིར་དྲི་བ། སྔས་འགྲམ་གྱི་རྡོ་རྗེ་དང་བོད། རྒྱ་ནག་གི་དྲ་ལམ་དམ་དྲག་ལ་དཀའ་ངལ། རྒྱ་ནག་ཏུ་ངོ་རྒོལ་བྱུང་བར་ཐད་གཏོང་བགྲོ་གླེང་སོགས་ཡོད།

    རྒྱ་ནག་གི་མི་རབས་གསར་པར་སྐྱར་དུ་གདེང་འཇོག་ - སྤྱི་ཟླ་བཅུ་གཉིས་པ། ༠༢, ༢༠༢༢

    རྒྱ་ནག་གི་མི་རབས་གསར་པར་སྐྱར་དུ་གདེང་འཇོག་ - སྤྱི་ཟླ་བཅུ་གཉིས་པ། ༠༢, ༢༠༢༢
    དེང་སྐབས་རྒྱ་ནག་ནང་བྱུང་བཞིན་པའི་ངོ་རྒོལ་གྱི་ལས་འགུལ་འདིའི་ནང་སྣེ་ཁྲིད་བྱེད་མཁན་མང་ཆེ་བ་ནི་རྒྱ་ནག་གི་མི་རབས་གསར་པའི་གཞོན་སྐྱེས་ཚོ་ཡིན་ཅིང་ དེའི་སྔོན་ལ་མི་རབས་གསར་པ་དེ་ཚོ་ནི་ཡང་ནང་རྒྱ་མིའི་མི་རིགས་རིང་ལུགས་ཀྱི་ངར་རྒྱས་ཅན་དང་ཡང་ན་རང་གི་ཁེ་ཕན་ཆུང་ཆུང་མཁོ་ན་མ་ཏོག་བསམ་རྒྱུ་མེད་པར་ངོས་འཛིན་བྱས་ཡོད་པ་རེད་

    ཤོག་དཀར་གསར་བརྗེ། - སྤྱི་ཟླ་བཅུ་གཅིག་པ། ༢༩, ༢༠༢༢

    ཤོག་དཀར་གསར་བརྗེ། - སྤྱི་ཟླ་བཅུ་གཅིག་པ། ༢༩, ༢༠༢༢
    འདས་པའི་ཉིན་གཉིས་རིང་རྒྱ་ནག་གི་ས་ཁུལ་བཅུ་ཕྲག་འགའ་ཞིག་ཏུ་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་མ་ཟད། ད་དུང་ཡང་ངོ་རྒོལ་ལས་འགུལ་དེ་ཚོ་ཞི་འཇམ་འགྲོ་རྒྱུའི་རྟགས་མཚན་མེད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

    རྒྱ་ནག་ལ་ངོ་རྒོལ་གྱི་རླུང་འཚུབ་ལྡང་བའི་མཚན་མོ། - སྤྱི་ཟླ་བཅུ་གཅིག་པ། ༢༨, ༢༠༢༢

    རྒྱ་ནག་ལ་ངོ་རྒོལ་གྱི་རླུང་འཚུབ་ལྡང་བའི་མཚན་མོ། - སྤྱི་ཟླ་བཅུ་གཅིག་པ། ༢༨, ༢༠༢༢
    རྒྱ་ནག་ལ་ཡུན་རིང་ཆབ་སྲིད་ཀྱི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་བྱུང་བ་ཧ་ཅང་མཐོང་ཐོས་དཀོན་མོད། མདང་དགོང་ཧྲང་ཧེ་དང་པེ་ཅིང་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་དུ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་བྱུང་འདུག དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༢༥ - སྤྱི་ཟླ་བཅུ་གཅིག་པ། ༢༦, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༢༥ - སྤྱི་ཟླ་བཅུ་གཅིག་པ། ༢༦, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ཕྱུགས་འཚོ་མི་ཆོག་པའི་ཁྲིམས་ལ་འབྲོག་མང་གི་བསམ་ཚུལ་དང་། རྒྱ་ཡིས་བོད་དུ་བཙུགས་པའི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་སྙན་ཐོ་བཅས་ཡོད། །

    འཛམ་གླིང་རྐང་སྤོལ་འགྲན་སྡུར། - སྤྱི་ཟླ་བཅུ་གཅིག་པ། ༢༥, ༢༠༢༢

    འཛམ་གླིང་རྐང་སྤོལ་འགྲན་སྡུར།  - སྤྱི་ཟླ་བཅུ་གཅིག་པ། ༢༥, ༢༠༢༢
    ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨེ་་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དགོན་གསར་དོན་གྲུབ་རྣམ་རྒྱལ་དང་བཞུགས་སྒར་རྡ་རམ་ས་ལ་ནས་རྩེད་འགྲན་ལ་དོ་སྣང་གནང་མཁན་ཀུན་དགའ་ཚེ་རིང་རྣམ་གཉིས་གདན་འདྲེན་ཞུས་ནས་འཛམ་གླིང་རྐང་རྩེད་སྦོ་ལོའི་འགྲན་སྡུར་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

    ཁ་ཊར་ལ་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་ཇི་ལྟར་ཐོབ་མིན། - སྤྱི་ཟླ་བཅུ་གཅིག་པ། ༢༢, ༢༠༢༢

    ཁ་ཊར་ལ་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་ཇི་ལྟར་ཐོབ་མིན། - སྤྱི་ཟླ་བཅུ་གཅིག་པ། ༢༢, ༢༠༢༢
    ཁ་སང་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་འཛམ་གླིང་གསེར་བུམ་ཁ་ཊར་རྒྱལ་ཁབ་ཏུ་འགོ་ཚུགས་ཡོད་ཅིང་། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཆུང་ཆུང་དེར་འཛམ་གླིང་གི་རྩེད་འགྲན་ཆེ་ཤོས་ འདིའི་མགྲོན་བདག་ཇི་ལྟར་ཐོབ་མིན་ཐད་དེང་སྐབས་མི་མང་པོས་དོ་སྣང་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།

    རྒྱལ་དོན་མ་དངུལ་དྲྭ་ལམ་ནས་བསྡུ་འབུལ། - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢

    རྒྱལ་དོན་མ་དངུལ་དྲྭ་ལམ་ནས་བསྡུ་འབུལ། - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢
    ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་ཁྲལ་ཚན་པའི་བཟོད་པ་རྒྱ་མཚོ་ལགས་རྣམ་གཉིས་དང་ལྷན་རྒྱལ་དོན་མ་དངུལ་དྲྭ་ལམ་ནས་བསྡུ་འབུལ་བྱེད་སྟངས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༡༨ - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༡ ཚེས་༡༨ - སྤྱི་ཟླ་བཅུ་གཅིག་པ། ༡༩, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་དགེ་ལུགས་བླ་མ་ཟེར་བའི་རྒྱའི་མགྲིན་ཚབ་པ་ཐེར་འདོན་དང་། རྒྱ་ནག་གིས་བོད་དང་ཡུ་གུར་བའི་བུ་མོ་ཚོ་ཕྱི་བསྒྲགས་སྲིད་ཇུས་ལ་བེད་སྤྱོད་གཏོང་གི་ཡོད་པའི་སྙན་ཐོ་ཐོན་པ་བཅས་ཡོད།

    རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་དང་བོད་ཀྱི་ཁོར་ཡུག - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༢༢

    རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་དང་བོད་ཀྱི་ཁོར་ཡུག - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༢༢
    རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་དང་བོད་ཀྱི་ཁོར་ཡུག

    ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་མཇལ་འཕྲད། - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༢༢

    ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་མཇལ་འཕྲད། - སྤྱི་ཟླ་བཅུ་གཅིག་པ། ༡༧, ༢༠༢༢
    ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་ལ་ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་ཐད་བགྲོ་གླེང་ཞུས་ཡོད།

    བྷ་ཌན་དང་ཞིས་ཅིན་ཕིང་གི་ལྷན་འཛོམ། - སྤྱི་ཟླ་བཅུ་གཅིག་པ། ༡༥, ༢༠༢༢

    བྷ་ཌན་དང་ཞིས་ཅིན་ཕིང་གི་ལྷན་འཛོམ། - སྤྱི་ཟླ་བཅུ་གཅིག་པ། ༡༥, ༢༠༢༢
    གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ངོ་ཐུག་སྟེ་མཇལ་འཕྲད་ཐེངས་དང་པོ་དེ་བྱུང་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལེ་ཚན་ལ་ཆེས་མཐོའི་ལྷན་འཛོམ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

    སྨན་བླའི་སྒྲུབ་མཆོད་དང་ལུས་སེམས་འཕྲོད་བསྟེན། - སྤྱི་ཟླ་བཅུ་གཅིག་པ། ༡༢, ༢༠༢༢

    སྨན་བླའི་སྒྲུབ་མཆོད་དང་ལུས་སེམས་འཕྲོད་བསྟེན།  - སྤྱི་ཟླ་བཅུ་གཅིག་པ། ༡༢, ༢༠༢༢
    ཀུན་གླེང་ལས་རིམ་དུ་ཟི་ལིང་སྟོང་འཁོར་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་བློ་བཟང་རྒྱ་མཚོ་དང་མདོ་སྔགས་ཀུན་ཕན་གླིང་གི་ཆོས་དགེ་དགེ་བཤེས་བློ་བཟང་དར་རྒྱས་རྣམ་གཉིས་ལ་སྨན་བླའི་སྒྲུབ་མཆོད་དང་། ཆོས་རིག་དར་སྤེལ། མི་དམངས་ལ་ལུས་སེམས་འཕྲོད་བསྟེན་གྱི་ལམ་སྟོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

    ཨ་རིའི་འོས་བསྡུའི་སྐབས་དམར་རླབས་འཕྱུར་མ་ཐུབ་པ་ཅི་རེད། - སྤྱི་ཟླ་བཅུ་གཅིག་པ། ༡༡, ༢༠༢༢

    ཨ་རིའི་འོས་བསྡུའི་སྐབས་དམར་རླབས་འཕྱུར་མ་ཐུབ་པ་ཅི་རེད། - སྤྱི་ཟླ་བཅུ་གཅིག་པ། ༡༡, ༢༠༢༢
    ཨ་རིའི་འོས་བསྡུའི་སྐབས་དམར་རླབས་འཕྱུར་མ་ཐུབ་པ་ཅི་རེད། ཨ་རིའི་བར་མའི་འོས་བསྡུའི་སྐབས་སུ་མི་ཚོས་སྔོན་ནས་ཚོད་དཔག་བྱས་པ་བཞིན་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཚོགས་པ་དེའི་ཚོན་མདོག་དམར་པོའི་དམར་རླབས་ཤིག་འཕྱུར་ཐུབ་མེད་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ལ་ཨ་རིའི་ནང་དུ་བགྲོ་གླེང་མང་པོ་བྱེད་བཞིན་ཡོད་།

    སྔགས་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད། - སྤྱི་ཟླ་བཅུ་གཅིག་པ། ༠༥, ༢༠༢༢

    སྔགས་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད། - སྤྱི་ཟླ་བཅུ་གཅིག་པ། ༠༥, ༢༠༢༢
    ༄༅།། ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྔགས་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཀྱི་བརྗོད་བྱ་དང་སྔགས་རིམ་ཆེན་མོའི་ཁྱད་ཆོས་སོགས་ལ་ཉི་ཧོང་གི་ཨོ་ཐ་ནི་སློབ་གྲྭ་ཆེན་མོའི་མཚན་འཛིན་གཙུག་ལག་སློབ་དཔོན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།།

    རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དུས་རབས་མཇུག་བསྒྲིལ་བ་ཡིན་ནམ། - སྤྱི་ཟླ་བཅུ་གཅིག་པ། ༠༡, ༢༠༢༢

    རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དུས་རབས་མཇུག་བསྒྲིལ་བ་ཡིན་ནམ། - སྤྱི་ཟླ་བཅུ་གཅིག་པ། ༠༡, ༢༠༢༢
    ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་མར་ཆག་པ་མ་ཟད། ཉེ་དུས་ཚོགས་པའི་དམར་ཤོག་ཚོགས་ཆེན་ཐོག་ཏུ་སྔོན་ཆད་དཔལ་འབྱོར་འཛུགས་སྐྲུན་ནི་རྒྱ་ནག་གི་ལས་འགན་གཙོ་བོ་ཡིན་ཟེར་བའི་འབོད་ཚིག་ཀྱང་ཐོས་རྒྱུ་མེད་པར་གྱུར་ཡོད་པས་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དུས་རབས་མཇུག་བསྒྲིལ་བ་ཡིན་མིན་ཐད་གླེང་སློང་ཞུ་རྒྱུ་ཡིན།།

    སྦས་ཡུལ་བཙུམ་དང་དེའི་མི་དམངས། - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢

    སྦས་ཡུལ་བཙུམ་དང་དེའི་མི་དམངས།  - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢
    ཐེངས་འདིའི་ཀུན་གླེང་ལས་རིམ་དུ་སྦས་ཡུལ་བཙུམ་མམ། བཙུམ་སྐྱིད་མོ་ལུང་ཞེས་བྱ་བའི་ས་གནས་དེའི་ཆགས་ཡུལ་དང་མི་དམངས་ཀྱི་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་ལ་བཙུམ་དགོན་པའི་བླ་མ་གདུང་སྲས་བླ་མ་པདྨ་རིན་པོ་ཆེ་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༢༨ - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༡༠ ཚེས་༢༨  - སྤྱི་ཟླ་བཅུ་པ། ༢༩, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་ལྷ་སའི་རྒྱ་མི་ངོ་རྒོལ་བའི་དགོས་འདུན་ལ་རྒྱ་གཞུང་གིས་ངོས་ལེན་བྱས་པར་བོད་པ་ཚོར་བསམ་འཆར་བྱུང་ཞིང་། ཨ་རིས་སྒོ་ཤེས་རབ་རྒྱ་མཚོའི་ཆེད་དུ་འབོད་སྐུལ་ཞུས་པར་རྒྱའི་དྲ་དམག་གིས་འགོག་རྐྱེན་བཟོ་བཞིན་པ། ཨ་རིའི་བརྙན་འཕྲིན་ལས་རིམ་Survivor ཡི་བརྙན་ལེན་རུ་ཁག་ཏུ་བོད་པ་ཞིག་ཡོད་པ་སོགས་ཡོད།

    མའོ་ཙེ་ཏུང་ནས་ཞིས་ཅིན་ཕིང་། - སྤྱི་ཟླ་བཅུ་པ། ༢༥, ༢༠༢༢

    མའོ་ཙེ་ཏུང་ནས་ཞིས་ཅིན་ཕིང་། - སྤྱི་ཟླ་བཅུ་པ། ༢༥, ༢༠༢༢
    གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་མ་འོངས་པའི་ལོ་ལྔའི་དམར་ཤོག་གི་འགོ་ཁྲིད་གཙོ་བོ་རྣམས་གཏན་ཁེལ་བྱུང་ཡོད་ཅིང་། ཞིས་ཅིན་ཕིང་ནི་མའོ་ཙེ་ཏུང་གི་རྗེས་ཀྱི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དབང་ཐང་ཆེ་ཤོས་སུ་གྱུར་ཡོད་པ་རེད།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io