Logo

    བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

    བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚན་ཞིག་ཡིན། གཙོ་སྐྱོང་བ། ཀུན་བཟང་རིག་འཛིན། བསྟན་འཛིན་ནོར་བཟང་།
    bo50 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (50)

    བགྲོ་གླེང་མདུན་ཅོག་གི་ལས་རིམ། - སྤྱི་ཟླ་གསུམ་པ། ༡༢, ༢༠༢༣

    བགྲོ་གླེང་མདུན་ཅོག་གི་ལས་རིམ། - སྤྱི་ཟླ་གསུམ་པ། ༡༢, ༢༠༢༣
    ༄༅། །ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་འདི་གའི་རྩོམ་སྒྲིག་པ་རྒན་པ་རྣམ་རྒྱལ་ཤཱསྟྲི་ལགས་དང་ལྷན་དུ་༧གོང་ས་མཆོག་གིས་གསུམ་བཅིུ་དུས་དྲན་གྱི་གསུང་འཕྲིན་དང་བཀའ་སློབ་ཀྱི་རིན་ཐང་ལ་རྗེས་དྲན་དང་དེའི་གནད་འགག་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ།

    ས་ཁྲའི་ནང་གི་བོད་ཞེས་པའི་ལེ་མཚན་གྱི་གལ་གནད་དང་ཕན་ཐོགས། - སྤྱི་ཟླ་གསུམ་པ། ༠༥, ༢༠༢༣

    ས་ཁྲའི་ནང་གི་བོད་ཞེས་པའི་ལེ་མཚན་གྱི་གལ་གནད་དང་ཕན་ཐོགས།  - སྤྱི་ཟླ་གསུམ་པ། ༠༥, ༢༠༢༣
    ༄༅། །བོད་ཀྱི་མཁས་པ་བློ་བཟང་ཤེས་རབ་ལགས་ཀྱིས་ལོ་ངོ་མང་རིང་སྤྱི་ཚོགས་དྲ་ལམ་ཐོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་ཚོགས་ལ་ངོ་སྤྲོད་གནང་ཡོད་པ་དང། དེང་སང་ཁོང་གིས་ས་ཁྲའི་ནང་གི་བོད་ཞེས་པའི་ལས་རིམ་ཐོག ་རྩ་ཆེན་ནང་པའི་གནས་ཁག་ས་ཁྲའི་ཐོག་ནས་ངོ་སྤྲོད་དང་སློབ་ཁྲིད་བྱེད་བཞིན་འདུག

    ཕྱི་སྲིད་དྲུང་ཆེའི་ལོ་གསར་འཚམས་འདྲིར་གླེང་བ། - སྤྱི་ཟླ་གཉིས་པ། ༢༧, ༢༠༢༣

    ཕྱི་སྲིད་དྲུང་ཆེའི་ལོ་གསར་འཚམས་འདྲིར་གླེང་བ།  - སྤྱི་ཟླ་གཉིས་པ། ༢༧, ༢༠༢༣
    ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་དང་ལྷན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་སྦི་ལིང་ཀིན་མཆོག་གིས་ལོ་གསར་འཚམས་འདྲིའི་གལ་གནད་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།།

    བོད་ནང་གི་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་དང་མཇུག་འབྲས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༣

    བོད་ནང་གི་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་དང་མཇུག་འབྲས། - སྤྱི་ཟླ་གཉིས་པ། ༡༩, ༢༠༢༣
    ༄༅། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཁྲོད་ནས་རིགས་རྫས་བཙན་བཤེད་ཀྱི་བསྡུ་རུབ་བྱེད་བཞིན་པ། གཟའ་འཁོར་འདིའི་ལས་རིམ་ནང་རིགས་རྫས་ཞེས་པ་དེའི་གོ་དོན་དང། དེའི་བྱེད་ལས། །གལ་གནད་བཅས་དང། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་སོགས་ཀྱི་ཐད་ལ་གླེང་མོལ་ཞུ་ཡི་རེད།

    དྲྭ་ཐོག་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནམ་མཁན་བེ་རི་རྒྱལ་སྲས་དང་གླེང་མོལ། - སྤྱི་ཟླ་གཉིས་པ། ༡༢, ༢༠༢༣

    དྲྭ་ཐོག་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནམ་མཁན་བེ་རི་རྒྱལ་སྲས་དང་གླེང་མོལ།  - སྤྱི་ཟླ་གཉིས་པ། ༡༢, ༢༠༢༣
    དགེ་བཤེས་བེ་རི་རྒྱལ་སྲས་ལགས་ཀྱིས་དྲྭ་རྒྱའི་བརྒྱུད་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཡོད་ཅིང་། ད་རིང་གི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ཁོང་གིས་་དྲྭ་ཐོག་སྐད་ཡིག་སློབ་ཁྲིད་གནང་སྟངས་དང་། ལྷག་པར་དུ་དྲྭ་རྒྱའི་བརྒྱུད་ལམ་གྱི་ནུས་པ་དང་དུས་ཚོད་དང་མཐུན་པའི་ཐབས་ཇུས་བརྟེན་དགོས་པའི་གནད་འགག་སྐོར་ལ་གླེང་མོལ་ཞུས་ཡོད།

    དགུང་སེང་འགྲོ་ཡུལ་མེད་པའི་སློབ་ཕྲུག་ཚོར་དམིགས་པའི་ལས་འཆར་གྱི་ཁེ་ཕན། - སྤྱི་ཟླ་གཉིས་པ། ༠༥, ༢༠༢༣

    དགུང་སེང་འགྲོ་ཡུལ་མེད་པའི་སློབ་ཕྲུག་ཚོར་དམིགས་པའི་ལས་འཆར་གྱི་ཁེ་ཕན། - སྤྱི་ཟླ་གཉིས་པ། ༠༥, ༢༠༢༣
    འདས་པའི་ལོ་ངོ་མང་པོའི་རིང་བལ་ཡུལ་རྒྱལ་ས་ཀཐ་མ་ཊུ་དང། པོཀ་ར་ ས་གནས་སུ་ཡོད་པའི་བོད་ཁྱིམ་སློབ་ཟུར་ཚོགས་པས་བོད་ཁྱིམ་སློབ་གྲྭའི་ནང་དགུན་ཁའི་དགུང་སེང་འགྲོ་ཡུལ་མེད་པ་ཚོ་བལ་ཡུལ་ལ་དགུང་སེང་ལེན་རྒྱུའི་ལས་འཆར་གཉེར་གྱི་ཡོད་བཞིན་འདི་ལོ་ཡང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མང་པོ་ཞིག་ལས་འཆར་འདིའི་ནང་མཉམ་བཞུགས་ཐུབ་འདུག

    བོད་ནང་གི་འགོ་ཁྲིད་ལ་འཕོ་བསྒྱུར་ཕྱིན་པའི་གལ་གནད་དང་རྒྱུ་མཚན། - སྤྱི་ཟླ་དང་པོ། ༢༢, ༢༠༢༣

    བོད་ནང་གི་འགོ་ཁྲིད་ལ་འཕོ་བསྒྱུར་ཕྱིན་པའི་གལ་གནད་དང་རྒྱུ་མཚན།  - སྤྱི་ཟླ་དང་པོ། ༢༢, ༢༠༢༣
    ༄༅། །ད་རིང་གི་ལས་རིམ་འདིའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོངས་ཀྱི་ཆེད་དུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་དང། འདི་ཚོའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ། འགོ་ཁྲིད་དབང་ཚད་མཐོ་ཤོས་དེར་བོད་མི་ཞིག་ད་བར་བསྐོ་མི་ཐུབ་པ་སོགས་ཀྱི་ཐད་ལ་ཀུན་དགའ་བཀྲིས་ལགས་དང་སངས་རྒྱས་སྐྱབས་ལགས་གཉིས་དང་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

    བགྲོ་གླེང་མདུན་ལྕོག ངོར་པའི་ཆོས་བརྒྱུད་ཀྱི་ཐོུང་མ་ཡིན་པའི་ཕྱག་སྲོལ་དང་ལོ་རྒྱུས། - སྤྱི་ཟླ་དང་པོ། ༡༥, ༢༠༢༣

    བགྲོ་གླེང་མདུན་ལྕོག    ངོར་པའི་ཆོས་བརྒྱུད་ཀྱི་ཐོུང་མ་ཡིན་པའི་ཕྱག་སྲོལ་དང་ལོ་རྒྱུས།  - སྤྱི་ཟླ་དང་པོ། ༡༥, ༢༠༢༣
    ༄༅།། ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་ངོར་ཨེ་ཝཾ་ཆོས་ལྡན་དགོན་གྱི་དབུ་འཛིན་མཁན་པོ་མཁྱེན་བརྩེ་ལགས་ཀྱི་ལྷན་དུ་ངོར་པའི་ཆོས་བརྒྱུད་འཛིན་པའི་ཐོུང་མིན་ཕྱག་སྲོལ་དང་། ལོ་ངོ་བརྒྱ་ཕྲག་གི་ཆོས་འབྱུང་ལོ་རྒྱུས་་སྐོར་ཐོག་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།།

    ནུབ་ཕྱོགས་སྤྱི་ཚོགས་ནང་ཚར་ལོང་བྱེད་བཞིན་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་ལེགས་ཤོས། - སྤྱི་ཟླ་དང་པོ། ༠༨, ༢༠༢༣

    ནུབ་ཕྱོགས་སྤྱི་ཚོགས་ནང་ཚར་ལོང་བྱེད་བཞིན་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་ལེགས་ཤོས། - སྤྱི་ཟླ་དང་པོ། ༠༨, ༢༠༢༣
    ༄༅། ནུབ་ཕྱོགས་སྤྱི་ཚོགས་ནང་ཚར་ལོང་བྱེད་བཞིན་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་ལེགས་ཤོས་ག་རེ་ཡོད་པའི་ཐད་རིག་འཛིན་ལགས་ཀྱིས་ཨ་རིའི་ནང་བོད་ཡིག་སློབ་ཁྲིད་ཐོག་ཉམས་མྱོང་ཆེན་པོ་ཡོད་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།

    ཕྱི་ལོ་༢༠༢༢ ལོའི་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་བསྐྱར་ཞིབ། - སྤྱི་ཟླ་དང་པོ། ༠༡, ༢༠༢༣

    ཕྱི་ལོ་༢༠༢༢ ལོའི་བོད་དོན་དང་འབྲེལ་བའི་གནས་ཚུལ་ལ་བསྐྱར་ཞིབ། - སྤྱི་ཟླ་དང་པོ། ༠༡, ༢༠༢༣
    ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་དུ་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཕྱི་ལོ་༢༠༢༢ ལོ་དེའི་ནང་བོད་དོན་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་ཁག་ཅིག་ལ་བསྐྱར་ཞིབ་ཞུས་པ་ཞིག་གསན་རོགས།

    སྐྱེས་བུ་དམ་པའི་སྐུ་དམར་གདུང་བཞེངས་སྲོལ་དང་བརྒྱུད་རིམ། - སྤྱི་ཟླ་བཅུ་གཉིས་པ། ༢༦, ༢༠༢༢

    སྐྱེས་བུ་དམ་པའི་སྐུ་དམར་གདུང་བཞེངས་སྲོལ་དང་བརྒྱུད་རིམ།  - སྤྱི་ཟླ་བཅུ་གཉིས་པ། ༢༦, ༢༠༢༢
    བོད་བརྒྱུད་ནང་བསྟན་ནང་སྐྱེས་བུ་དམ་པ་དགོངས་པ་རྫོགས་རྗེས་སྐུ་གདུང་ཞུགས་འབུལ་མ་ཞུས་པར་སྐུ་དམར་གདུང་བཞེངས་སྲོལ་ཡོད་པ།

    བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་མཇུག་འབྲས་ལ་དཔྱད་པ། - སྤྱི་ཟླ་བཅུ་གཉིས་པ། ༡༨, ༢༠༢༢

    བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་མཇུག་འབྲས་ལ་དཔྱད་པ། - སྤྱི་ཟླ་བཅུ་གཉིས་པ། ༡༨, ༢༠༢༢
    ༄༅། འདི་ལོའི་བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན་། ད་ལྟའི་ཀོང་རེསི་ཀྱི་གནའ་མཐུན་ཚོགས་པར་མུ་མཐུད་གཞུང་འཛིན་སྐྱོང་རྒྱུའི་གོ་སྐབས་ཡོང་གི་ཡོད་པ་རེད། གཟའ་འཁོར་འདིའི་ལས་རིམ་ནང་བལ་ཡུལ་གྱི་འོས་བསྡུའི་གྲུབ་འབྲས་དང། བལ་ཡུལ་དང་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བའི་གནད་དོན་བཅས་ཀྱི་སྐོར།

    རྒྱ་གར་ནང་བོད་མིའི་དགུན་ཚོང་གི་གནས་བབས་གླེང་བ་། - སྤྱི་ཟླ་བཅུ་གཉིས་པ། ༡༢, ༢༠༢༢

    རྒྱ་གར་ནང་བོད་མིའི་དགུན་ཚོང་གི་གནས་བབས་གླེང་བ་། - སྤྱི་ཟླ་བཅུ་གཉིས་པ། ༡༢, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་རྒྱ་གར་ནང་བོད་མིའི་དགུན་ཚོང་གི་གནས་བབས་དང་མ་འོངས་འཚོ་རྟེན་གྱི་མདུན་ལམ་བཅས་གནད་དོན་རིམ་པ་ཞིག་ཐོག་གླེང་མོལ་ཞུས་པ་གསན་རོགས།

    རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་གྱི་གལ་གནད་དང་འདིར་གཞུང་གིས་ཡ་ལན་བྱེད་ཕྱོགས། - སྤྱི་ཟླ་བཅུ་གཉིས་པ། ༠༤, ༢༠༢༢

    རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་གྱི་གལ་གནད་དང་འདིར་གཞུང་གིས་ཡ་ལན་བྱེད་ཕྱོགས།  - སྤྱི་ཟླ་བཅུ་གཉིས་པ། ༠༤, ༢༠༢༢
    གཟའ་འཁོར་འདིའི་ལས་རིམ་འདི། རྒྱ་རིགས་མི་མང་ཚོས་ཡུལ་དེའི་ས་གནས་མ་འདྲ་བ་མང་པོའི་ནང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་འདིའི་དོན་སྙིང་དང་གལ་གན། ལས་འགུལ་འདི་རིགས་ལ་རྒྱ་ནག་གཞུང་གིས་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་ཐད་ལ་གླེང་མོལ་ཞུ་ཡི་ཡིན།

    བགྲོ་གླེང་མདུན་ལྕོག ཨོ་སི་ཀྲོ་ལི་ཡའི་ནང་བོད་དོན་ཞུ་གཏུགས། - སྤྱི་ཟླ་བཅུ་གཅིག་པ། ༢༧, ༢༠༢༢

    བགྲོ་གླེང་མདུན་ལྕོག  ཨོ་སི་ཀྲོ་ལི་ཡའི་ནང་བོད་དོན་ཞུ་གཏུགས། - སྤྱི་ཟླ་བཅུ་གཅིག་པ། ༢༧, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་སུ ཁུལ་དེའི་འདི་ལོའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཐད་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།

    ཨ་ཧྥེ་རི་ཀའི་ནང་གི་ཞི་བདེ་དང་འདུམ་འགྲིག་གི་ཚོགས་ཆེན་སྐབས་སུ་བོད་དོན་གླེང་བ། - སྤྱི་ཟླ་བཅུ་གཅིག་པ། ༢༠, ༢༠༢༢

    ཨ་ཧྥེ་རི་ཀའི་ནང་གི་ཞི་བདེ་དང་འདུམ་འགྲིག་གི་ཚོགས་ཆེན་སྐབས་སུ་བོད་དོན་གླེང་བ། - སྤྱི་ཟླ་བཅུ་གཅིག་པ། ༢༠, ༢༠༢༢
    ༄༅། ཨ་ཧྥེ་རི་ཀའི་རྒྱལ་ཁབ་ལྷོ་སུ་ཌན་ནང་བཙན་འོག་ལ་ཡོད་པའི་མི་རིགས་དང་རྒྱལ་ཁབ་ཁག་གི་སྐུ་ཚབ་མང་པོ་ཞིག་འདུ་འཛོམས་བྱས་ཏེ་ཚོགས་ཆེན་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། ཚོགས་ཆེན་ཐོག་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་མང་པོའི་སྐུ་ཚབ་མཉམ་དུ་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་གྲུས་ལགས་ཀྱང་ཆེད་ཕེབས་གནང་ཐུབ་འདུག

    ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་ཞུ་གཏུགས། - སྤྱི་ཟླ་བཅུ་གཅིག་པ། ༡༣, ༢༠༢༢

    ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་ཞུ་གཏུགས། - སྤྱི་ཟླ་བཅུ་གཅིག་པ། ༡༣, ༢༠༢༢
    ང་ཚོའི་་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་དང་ལྷན་དུ་འཛམ་གླིང་མཉམ་འབབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཉེར་བདུན་པའི་ཐོག་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཞུ་གཏུགས་གནང་བཞིན་པའི་སྐོར་ལ་གླེང་མོལ་ཞུས་ཡོད།

    བོད་ཁྱིམ་གྱི་སློབ་ཟུར་ཚོགས་པ་གསུམ་གྱི་བཀའ་འདྲིན་རྗེས་དྲན་གྱི་ལས་གཞི། - སྤྱི་ཟླ་བཅུ་གཅིག་པ། ༠༦, ༢༠༢༢

    བོད་ཁྱིམ་གྱི་སློབ་ཟུར་ཚོགས་པ་གསུམ་གྱི་བཀའ་འདྲིན་རྗེས་དྲན་གྱི་ལས་གཞི།  - སྤྱི་ཟླ་བཅུ་གཅིག་པ། ༠༦, ༢༠༢༢
    ༄༅། བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་༦༢ འཁོར་བའི་དུས་ཆེན་དང་སྟབས་བསྟུན་ནས་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཚོགས་པ་གསུམ་གྱིས་འདི་ལོ་སློབ་གྲྭའི་ལས་གཞི་མང་པོ་ཞིག་ལ་ཞལ་འདེབས་ཧ་ཅང་འབོར་ཆེན་པོ་གནང་ཡོད་རེད།

    རྒྱ་ནག་གི་འགོ་ཁྲིད་གསར་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན། - སྤྱི་ཟླ་བཅུ་པ། ༣༠, ༢༠༢༢

    རྒྱ་ནག་གི་འགོ་ཁྲིད་གསར་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན། - སྤྱི་ཟླ་བཅུ་པ། ༣༠, ༢༠༢༢
    རྒྱ་ནག་གི་འགོ་ཁྲིད་གསར་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་དང་ཁྱད་པར་ཇི་འགྲོ་སྐོར་ལ་ཉམས་ཞིབ་པ་དང་གནད་དོན་དབྱེ་ཞིབ་པ་དང་གླེང་མོལ།

    ཞི་ཡི་ལོ་ངོ་བཅུའི་རིང་གྲངས་ཉུང་མི་རིགས་ཐད་ལ་འཛིན་པའི་སྲིད་བྱུས་ལ་དཔྱད་གླེང། - སྤྱི་ཟླ་བཅུ་པ། ༢༣, ༢༠༢༢

    ཞི་ཡི་ལོ་ངོ་བཅུའི་རིང་གྲངས་ཉུང་མི་རིགས་ཐད་ལ་འཛིན་པའི་སྲིད་བྱུས་ལ་དཔྱད་གླེང།  - སྤྱི་ཟླ་བཅུ་པ། ༢༣, ༢༠༢༢
    གཟའ་འཁོར་འདིའི་ལས་རིམ་ནང་ཞི་ཅིན་ཕིང་གི་སྲིད་དབང་སྐྱོང་འོག་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་འཛིན་པའི་སྲིད་བྱུས་དང་འདིའི་ཁོག་བཅངས་ཀྱི་དམིགས་ཡུལ་དང་གནོད་འཚེ་སོགས་ཀྱི་སྐོར་ཡོ་རོབ་ཀྱི་སེ་པན་རྒྱལ་ཁབ་ནང་བཅའ་བཞུགས་བོད་དང་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབ་ལགས་དང་གླེང་མོ་ཞུས་པ་དེ་གསན་རོགས་གནང།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io