Logo

    བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།

    བགྲོ་གླེང་མདུན་ལྕོག་ལེ་ཚན་ནང་ཆབ་སྲིད་དང་ཆོས་རིག སྒྱུ་རྩལ་སོགས་ལ་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་བཅས་མགྲོན་འབོད་ཀྱིས་དུས་བསྟུན་འགྱུར་འགྲོས་སྐོར་བགྲོ་གླེང་ཞུ་བའི་བདུན་རེའི་འཆར་ཅན་ལེ་ཚན་ཞིག་ཡིན། གཙོ་སྐྱོང་བ། ཀུན་བཟང་རིག་འཛིན། བསྟན་འཛིན་ནོར་བཟང་།
    bo50 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (50)

    བདེ་ལེགས་སྨན་ཁང་གི་འཕྲོད་བསྟེན་ཞབས་ཞུ།  - སྤྱི་ཟླ་བཅུ་པ། ༡༦, ༢༠༢༢

    བདེ་ལེགས་སྨན་ཁང་གི་འཕྲོད་བསྟེན་ཞབས་ཞུ།  - སྤྱི་ཟླ་བཅུ་པ། ༡༦, ༢༠༢༢
    བཞུགས་སྒར་དབུས་བདེ་ལེགས་སྨན་ཁང་ནས་འདས་པའི་ལོ་ལྔ་བཅུའི་རིང་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུའི་སྐོར་ལ་༧སྐུའི་བླ་སྨན་པ་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་འགན་འཛིན་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་མིའི་སྒྲིག་འཛུགས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཟུར་པ་ཚེ་དབང་ཕུན་ཚོགས་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།

    རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་སྐུ་སྐྱེའི་ཡང་སྲིད་སྐོར་འཁྱོག་བཤད་བྱེད་བཞིན་པའི་གནད་དོན་སྐོར་གླེང་མོལ། - སྤྱི་ཟླ་བཅུ་པ། ༠༩, ༢༠༢༢

    རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་སྐུ་སྐྱེའི་ཡང་སྲིད་སྐོར་འཁྱོག་བཤད་བྱེད་བཞིན་པའི་གནད་དོན་སྐོར་གླེང་མོལ། - སྤྱི་ཟླ་བཅུ་པ། ༠༩, ༢༠༢༢
    རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་སྐུ་སྐྱེའི་ཡང་སྲིད་ཐག་གཅོད་སོགས་ཀྱི་སྐོར་འཁྱོག་བཤད་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པས་འདིའི་རྒྱབ་ལྗོངས་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་དང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལངས་ཕྱོགས་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་གསན་རོགས།

    བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག - སྤྱི་ཟླ་བཅུ་པ། ༠༢, ༢༠༢༢

    བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག - སྤྱི་ཟླ་བཅུ་པ། ༠༢, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་ཕྱིར་སྡོད་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དམ་དྲག་གི་བཀའ་རྒྱའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཐད་གླེང་མོལ་ཞུས་གསན་རོགས།

    བོད་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་དང་འདིའི་ཤུགས་རྐྱེན། - སྤྱི་ཟླ་དགུ་པ། ༢༥, ༢༠༢༢

    བོད་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་དང་འདིའི་ཤུགས་རྐྱེན། - སྤྱི་ཟླ་དགུ་པ། ༢༥, ༢༠༢༢
    ༄༅། །དེང་སྐབས་བོད་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་ཤུགས་ཆེ་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་བོད་མི་ཚོས་བསམ་བློ་གཏོང་ཕྱོགས་དང་། ལུས་སེམས་གཉིས་བདེ་ཐང་བྱེད་ཕྱོགས་ཐད་ལ་སྐུའི་གསུང་བསྒྱུར་ངག་དབང་བསོད་ནམས་ལགས་དང་གསར་འཁོད་པ་དཀོན་མཆོག་དོན་གྲུབ་ལགས་དང་གླེང་མོལ་ཞུ་ཡི་ཡིན།

    བགྲོ་གླེང་མདུན་ལྕོག - སྤྱི་ཟླ་དགུ་པ། ༡༨, ༢༠༢༢

    བགྲོ་གླེང་མདུན་ལྕོག - སྤྱི་ཟླ་དགུ་པ། ༡༨, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ལྕོག་གི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ་སྐོར་ལ། བསྟན་འཛིན་ནོར་བཟང་གིས་བོོད་མི་དམངས་སྤྱི་འཐུས་ཀརྨ་དགེ་ལེགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།

    དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - སྤྱི་ཟླ་དགུ་པ། ༡༢, ༢༠༢༢

    དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས།  - སྤྱི་ཟླ་དགུ་པ། ༡༢, ༢༠༢༢
    ༄༅། ཕྱི་ཚེས་༨ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་སྦེད་མཆོག་སྐུ་ཚེའི་འཕེན་པ་རྗོགས་ཡོད་པ་དང་རྒྱས་སྲས་ཅལ་སི་གསུམ་པ་དབྱིན་ཇིའི་རྒྱལ་པོའི་ཁྲི་ཐོག་ཏུ་འཁོད་པ་ཁོང་དང་བོད་མིའི་འབྲེལ་བའི་སྐོར་དབྱིན་ཡུལ་བོད་རིགས་བསྟན་འཛིན་ཀུན་དགའ་ལགས་དང་དོན་གཅོད་ཟུར་པ་མི་འགྱུར་རྡོ་རྗེ་ལགས་དང་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།

    བཙན་བྱོལ་བོད་མིའི་མང་གཙོའི་ཁ་ཕྱོགས། - སྤྱི་ཟླ་དགུ་པ། ༠༤, ༢༠༢༢

    བཙན་བྱོལ་བོད་མིའི་མང་གཙོའི་ཁ་ཕྱོགས།  - སྤྱི་ཟླ་དགུ་པ། ༠༤, ༢༠༢༢
    རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་མི་ཚོས་མང་གཙོའི་དུས་དྲན་ཐེངས་ ༦༢ པ་སྲུང་རྩིས་བྱས་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལས་རིམ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན་བཙན་བྱོལ་བོད་མི་ཚོས་མང་གཙོ་སྲུང་སྐྱོབ་བྱེད་ཐུབ་ཡོད་དམ། དེའི་འགན་སུ་ལ་ཡོད་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་ཡོད།

    ཁེ་ནེ་ཌའི་ནང་བོད་དོན་ལས་འགུལ་གྱི་རྐང་འཁོར་སྐོར་སྐྱོད་ཀྱི་མྱོང་བ། - སྤྱི་ཟླ་བརྒྱད་པ། ༢༨, ༢༠༢༢

    ཁེ་ནེ་ཌའི་ནང་བོད་དོན་ལས་འགུལ་གྱི་རྐང་འཁོར་སྐོར་སྐྱོད་ཀྱི་མྱོང་བ། - སྤྱི་ཟླ་བརྒྱད་པ། ༢༨, ༢༠༢༢
    ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ལ་གནས་བཞུགས་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་དང་གྲོང་ཁྱེར་ཀལ་ཀེ་རིར་གནས་འཁོད་བསྟན་འཛིན་སྟོབས་ལྡན་ལགས་གཉིས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ད་བར་གྱི་ཉམས་མྱོང་དང། དཀའ་ངལ་ཇི་འཕྲད་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།

    ལ་དྭགས་ཕོ་གསར་དྭང་བླང་སྤྱི་ཚོགས་ཞབས་ཞུ། - སྤྱི་ཟླ་བརྒྱད་པ། ༢༡, ༢༠༢༢

    ལ་དྭགས་ཕོ་གསར་དྭང་བླང་སྤྱི་ཚོགས་ཞབས་ཞུ། - སྤྱི་ཟླ་བརྒྱད་པ། ༢༡, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ནང་གི་ཕོ་གསར་དྭང་བླང་སྤྱི་ཚོགས་ཞབས་ཞུ་ཞེས་ན་གཞོན་གྱི་སྒྲིག་འཛུགས་ཤིག་ཡོད་པ་དེས་ཏོག་དབྱིགས་ནད་ཡམས་སྐབས་དྭང་བླང་ཞབས་ཞུའི་ལས་དོན་གཉེར་ཡོད་པ་མ་ཟད། ད་ལྟའང་མུ་མཐུད་སྤྱི་ཚོགས་ཞབས་ཞུ་གཉེར་བཞིན་པའི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།

    ཞི་ཅིང་པིན་གྱིས་འཐབ་ཕྱོགས་གཅིག་གྱུར་ཚོགས་འདུའི་གཏམ་བཤད་ལ་དཔྱད་པ། - སྤྱི་ཟླ་བརྒྱད་པ། ༡༤, ༢༠༢༢

    ཞི་ཅིང་པིན་གྱིས་འཐབ་ཕྱོགས་གཅིག་གྱུར་ཚོགས་འདུའི་གཏམ་བཤད་ལ་དཔྱད་པ།  - སྤྱི་ཟླ་བརྒྱད་པ། ༡༤, ༢༠༢༢
    ཐེངས་འདིའི་བགྲོ་གླེང་མདུན་ཅོག་ལས་རིམ་གྱིས་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པི་ཅིང་ནང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ཚོགས་འདུ་ཞིག་ཐོག་ཞི་ཅིང་པིན་གྱིས་གཏམ་བཤད་བྱས་ཡོད་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ལས་དོན་གང་ཡིན་པ་བཅས་ཀྱི་སྐོར་་ལ་གླེང་མོལ་བྱས་ཡོད།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io