Logo

    བུད་མེད། - ཨ་རིའི་རླུང་འཕྲིན་ཁང་།

    འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བུད་མེད་ལེ་ཚན་གསར་པ་ཞིག བདུན་རེའི་གཟའ་མིག་དམར་ནམ་ཡིན་ལ་རྒྱང་སྲིང་ཞུ་རྒྱུ་ཡིན།
    bo37 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (37)

    ༧གོང་ས་མཆོག་གིས་རྒྱ་གར་གྱིས་གདོད་མའི་མི་རིགས་ཀྱི་སྲིད་འཛིན་ལ་འཚམས་འདྲི་གནང་བ། - སྤྱི་ཟླ་བདུན་པ། ༢༣, ༢༠༢༢

    ༧གོང་ས་མཆོག་གིས་རྒྱ་གར་གྱིས་གདོད་མའི་མི་རིགས་ཀྱི་སྲིད་འཛིན་ལ་འཚམས་འདྲི་གནང་བ། - སྤྱི་ཟླ་བདུན་པ། ༢༣, ༢༠༢༢
    ༄༅།། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཆེན་མོ་དང་མངའ་སྡེའི་གྲོས་ཚོཌ་ཀྱི་འཐུས་མི་མང་མོས་ཀྱི་ཡུལ་དེའི་གྲངས་ཉུང་གདོད་མའི་བུད་མེད་ཞིག་སྲིད་འཛིན་དུ་མང་མོས་འདེམས་བསྐོ་ཞུས་ཡོད་པར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

    ཨ་རིའི་སྲིད་འཛིན་ལ་བུད་མེད་ཅིག་འདེམས་ཐུབ་རྒྱུ་ཡིན་མིན། - སྤྱི་ཟླ་གཉིས་པ། ༢༠, ༢༠༢༠

    ཨ་རིའི་སྲིད་འཛིན་ལ་བུད་མེད་ཅིག་འདེམས་ཐུབ་རྒྱུ་ཡིན་མིན། - སྤྱི་ཟླ་གཉིས་པ། ༢༠, ༢༠༢༠
    དེ་རིང་གི་ང་ཚོའི་བུད་མེད་ལེ་ཚན་ལ་ད་སྔ་ཨ་མི་རི་ཀར་སྲིད་འཛིན་བུད་མེད་ཅིག་འདེམས་ཐོན་བྱུང་མྱོང་མེད་པའི་རྒྱུ་མཚན་ཅི་ཡིན་དང་ད་ལོའི་འོས་བསྡུ་འདིས་གནས་སྟངས་དེར་འགྱུར་བ་ཐེབས་རྒྱུའི་རེ་བ་ཡོད་མེད་ཐད། དཔལ་མོ་མཁས་གྲུབ་ལགས་ཀྱིས་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་འཕྲིན་ལས་སྙན་གྲགས་ལགས་དང་གླེང་མོལ་ཞུ་ཡི་རེད།།

    འབྲི་གུང་སྲུང་མ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ། - སྤྱི་ཟླ་གཉིས་པ། ༠༧, ༢༠༢༠

    འབྲི་གུང་སྲུང་མ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ། - སྤྱི་ཟླ་གཉིས་པ། ༠༧, ༢༠༢༠
    བོད་ལ་ནང་ཆོས་དར་བ་ནས་བཟུང་སྟེ་བུད་མེད་ཀྱི་ལུས་རྟེན་ཐོག་ཏུ་བསྟན་པ་དང་འགྲོ་བར་ཕན་ཐོགས་པའི་ཆེད་སྲུང་མའི་སྐུར་བཞེངས་པ་དང་མཁའ་འགྲོ་མ། རྗེ་བཙུན་མ་ལ་སོགས་པ་ཇི་སྙེད་ཅིག་བྱུང་ཡོད་ཅིང་། དེ་དག་གི་གྲས་ནས་འབྲི་གུང་སྲུང་མ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་སྐོར། ཨ་རིའི་མཱེ་རི་ལན་ཌི་མངའ་སྡེར་རྟེན་གཞི་བྱས་པའི་འབྲི་གུང་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

    བུད་མེད་དང་ནུ་སྐྲན། - སྤྱི་ཟླ་དང་པོ། ༢༣, ༢༠༢༠

    བུད་མེད་དང་ནུ་སྐྲན། - སྤྱི་ཟླ་དང་པོ། ༢༣, ༢༠༢༠
    ནུ་མའི་སྐྲན་ནད་ནི་གློ་སྐྲན་གྱི་རྗེས་སུ་བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་ནད་གཞི་ཞིག་ཡིན་ཞིང་། བུད་མེད་ཚོས་རྟག་ཏུ་རང་གི་ནུ་མའི་བཟོ་དབྱིབས་དང་ཁ་མདོག་ལ་འགྱུར་བ་ཐེབས་ཀྱི་ཡོད་མེད་བརྟག་དཔྱད་ཀྱིས་ནུ་སྐྲན་འཕོག་གི་ཡོད་མེད་ལ་བརྟག་དཔྱད་བྱ་རྒྱུ་དང་། སྨན་པར་སྟོན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྨན་པ་ཉི་མ་གཡུ་སྒྲོན་ལགས་སུ་བཅར་འདྲི་ཞུས་པའི་བུད་མེད་ཀྱི་ལེ་ཚན་དེ་གསན་རོགས་གནང་།

    འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་པ་བུ་མོ་གྷེ་རི་ཌ་ཌོམ་བྷེཀ - སྤྱི་ཟླ་བཅུ་གཉིས་པ། ༢༦, ༢༠༡༩

    འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་པ་བུ་མོ་གྷེ་རི་ཌ་ཌོམ་བྷེཀ - སྤྱི་ཟླ་བཅུ་གཉིས་པ། ༢༦, ༢༠༡༩
    སྙན་གྲགས་ཆེ་བའི་ཊེམ་དུས་དེབ་ཀྱིས་༢༠༡༩་ལོའི་འཛམ་གླིང་ལ་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་དེ་སུད་ཌེན་གྱི་བུ་མོ་ལོ་ཆུང་གྷེ་རི་ཌ་ཌོམ་བྷེཀ་འདེམས་ཡོད་པས་འཛམ་གླིང་ལ་ཤུགས་རྐྱེན་ཅན་གྱི་བུ་མོ་ལོ་ཆུང་དེ་དོན་དངོས་སུ་སུ་ཡིན་མིན་དང་། ཁོ་མོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ཅི་ཡིན། དེ་བཞིན་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཡོང་རྒྱུར་དམིགས་དཔེ་འོས་མིན་སོགས་ཀྱི་སྐོར།

    བུད་མེད། བུད་མེད་བརྙན་འཕྲིན་གཙོ་སྐྱོང་བ། - སྤྱི་ཟླ་བཅུ་གཅིག་པ། ༢༨, ༢༠༡༩

    བུད་མེད།  བུད་མེད་བརྙན་འཕྲིན་གཙོ་སྐྱོང་བ། - སྤྱི་ཟླ་བཅུ་གཅིག་པ། ༢༨, ༢༠༡༩
    བོད་ཀྱི་སྤྱི་ཚོགས་སུ་བོད་སྐད་བརྙན་འཕྲིན་གསར་འགྱུར་གྱི་འཕེལ་རིམ་ནི་ད་དུང་ཡང་གསར་པ་ཞིག་ཡིན་ཞིང་། བརྙན་འཕྲིན་ཐད་གཏོང་གི་ལེ་ཚན་གཙོ་སྐྱོང་བ་བུད་མེད་ཉུང་ཤས་ལས་མེད། པ་སངས་དབྱངས་སྐྱིད་ལགས་ནི་བཙན་བྱོལ་གྱི་བརྙན་འཕྲིན་ཐད་གཏོང་གི་བུད་མེད་གཙོ་སྐྱོང་བ་ཐོག་མའི་གྲས་ཡིན། ཐེངས་འདིའི་བུད་མེད་ལེ་ཚན་དུ་པ་སངས་དབྱངས་སྐྱིད་ལགས་དང་མཉམ་དུ་བོད་པའི་སྤྱི་ཚོགས་ཀྱི་བུད་མེད་བརྙན་འཕྲིན་ལས་རིམ་གཙོ་སྐྱོང་བ་ཁག་གི་གནས་བབ་དང་དམིགས་བསལ་གདོང་ལེན་བྱ་དགོས་པའི་དཀའ་ངལ་བཅས་ལ་བགྲོ་གླེང་།

    མིའི་འཚོ་བར་འགྱུར་ལྡོག་གཏོང་མཁན་བུད་མེད་ཚན་རིག་པ། - སྤྱི་ཟླ་བཅུ་གཅིག་པ། ༡༤, ༢༠༡༩

    མིའི་འཚོ་བར་འགྱུར་ལྡོག་གཏོང་མཁན་བུད་མེད་ཚན་རིག་པ། - སྤྱི་ཟླ་བཅུ་གཅིག་པ། ༡༤, ༢༠༡༩
    འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེར་སྐྱེས་པ་བྱས་རྗེས་མ་གཏོགས་བུད་མེད་ཀྱིས་བྱས་རྗེས་བཞག་རབས་འཁོད་དཀོན་ཅིང་། དེ་ནི་བུད་མེད་ལ་སྐྱེས་པ་ལྟར་རང་དབང་དང་གོ་སྐབས་འདྲ་མཉམ་མེད་པའི་རྐྱེན་གྱིས་བྱུང་བ་ཡིན་འདུག འོན་ཀྱང་བུད་མེད་ཚན་རིག་པ་དང་གསར་གཏོད་པ་ཁག་གི་བྱས་རྗེས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་རྒྱུན་ལྡན་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་སྟེ།

    བུད་མེད་ཀྱི་བདེ་ཐང་དང་ཟས་སྤྱོད། ལུས་རྩལ་གྱི་ཕན་ཡོན། - སྤྱི་ཟླ་བཅུ་པ། ༣༡, ༢༠༡༩

    བུད་མེད་ཀྱི་བདེ་ཐང་དང་ཟས་སྤྱོད།  ལུས་རྩལ་གྱི་ཕན་ཡོན། - སྤྱི་ཟླ་བཅུ་པ། ༣༡, ༢༠༡༩
    སྤྱིར་འགྲོ་བ་མིའི་ལུས་ཁམས་བདེ་ཐང་ནི་ཕོ་མོ་ལ་དབྱེ་བ་མེད་པར་མི་ཚང་མར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་མོད། འོན་ཀྱང་སྐྱེ་ཕོ་མོ་གཉིས་ལུས་པོ་གྲུབ་སྟངས་གཅིག་མཚུངས་མིན་པའི་ཁྱད་པར་གྱིས་ལུས་ལ་གཅེས་སྤྲས་བྱེད་ཕྱོགས་ཀྱང་མི་གཅིག་པའི་ཁྱད་པར་འགའ་ཞིག་ཡོད་པ་རེད། དེ་རིང་ང་ཚོའི་བུད་མེད་ལེ་ཚན་ནང་དུ་བུད་མེད་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་ཟས་སྤྱོད་དང་ལུས་རྩལ།

    རྗེ་བཙུན་མ་ཊི་རེ་སའི་རྣམ་ཐར་དང་མཛད་པ། - སྤྱི་ཟླ་བཅུ་པ། ༡༧, ༢༠༡༩

    རྗེ་བཙུན་མ་ཊི་རེ་སའི་རྣམ་ཐར་དང་མཛད་པ། - སྤྱི་ཟླ་བཅུ་པ། ༡༧, ༢༠༡༩
    གཟའ་འཁོར་འདིའི་བུད་མེད་ལེ་ཚན་ནང་དུ་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་སྐྱེས་ཆེན་དམ་པ་སྙན་གྲགས་ཅན། རྗེ་བཙུན་མ་ཊེ་རེ་སའི་སྐུ་ཚེའི་ལོ་རྒྱུས་དང་མཛད་པ། ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱ་གར་གྱི་ཀལ་ལ་ཀ་ཏ་གྲོང་ཁྱེར་དུ་གནས་འཁོད་ནད་པ་དང་དབུལ་ཕོངས། ལྷག་པར་དུ་མཛེ་ནད་ཅན་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་སྐྱོང་གནང་བའི་མཛད་རྗེས་སོགས་ལ་ང་ཚོའི་རྩོམ་སྒྲིག་འགན་འཛིན་འཕྲིན་ལས་སྙན་གྲགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

    གནམ་གཤིས་འགྱུར་ལྡོག་ལ་བུད་མེད་ཀྱིས་གདོང་ལེན། - སྤྱི་ཟླ་བཅུ་པ། ༠༣, ༢༠༡༩

    གནམ་གཤིས་འགྱུར་ལྡོག་ལ་བུད་མེད་ཀྱིས་གདོང་ལེན། - སྤྱི་ཟླ་བཅུ་པ། ༠༣, ༢༠༡༩
    ཐེངས་འདིའི་བུད་མེད་ལེ་ཚན་ནང་དུ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་རྩོད་ལ་བུད་མེད་ཀྱིས་རྣོ་ངར་ལྡན་པའི་སྒོ་ནས་འགན་ཁུར་དང་ལེན་བྱེད་ཀྱི་ཡོད་པའི་སྐོར། ཁོར་ཡུག་ལས་འགུལ་བ་ཚེ་རིང་གཡུ་སྒྲོན་ལགས་སུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

    བུད་མེད་ལ་སློབ་སྦྱོང་སྤྲོད་རྒྱུའི་གལ་གནད། - སྤྱི་ཟླ་དགུ་པ། ༠༥, ༢༠༡༩

    བུད་མེད་ལ་སློབ་སྦྱོང་སྤྲོད་རྒྱུའི་གལ་གནད། - སྤྱི་ཟླ་དགུ་པ། ༠༥, ༢༠༡༩
    ང་ཚོའི་བུད་མེད་ལེ་ཚན་འདིར་བུད་མེད་ལ་སློབ་སྦྱོང་སྤྲོད་རྒྱུ་གལ་འགངས་ཆེན་ཡིན་པའི་སྐོར། ཕུན་ཚོགས་ཚེ་རིང་གིས་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་ཧྥོལ་ཊོན་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་ངག་དབང་ཕུན་ཚོགས་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

    མཚན་མཐུན་དགའ་རོགས་བོད་པའི་བུད་མེད་ཀྱི་གནས་བབས། - སྤྱི་ཟླ་བརྒྱད་པ། ༢༢, ༢༠༡༩

    མཚན་མཐུན་དགའ་རོགས་བོད་པའི་བུད་མེད་ཀྱི་གནས་བབས། - སྤྱི་ཟླ་བརྒྱད་པ། ༢༢, ༢༠༡༩
    བོད་པའི་སྤྱི་ཚོགས་ནང་མཚན་མཐུན་དགའ་རོགས་སྒྲིག་མཁན་སྤྱི་དང་ལྷག་པར་དུ་མཚན་མཐུན་དགའ་རོགས་སྒྲིག་མཁན་གྱི་བོད་པའི་བུད་མེད་ཚོར་ལྟ་སྟངས་ག་འདྲ་ཡོད་པ་དང། ཁོང་ཚོ་ལ་དཀའ་ངལ་གཙོ་ཆེ་བ་ག་རེ་འཕྲད་བཞིན་ཡོད་པའི་ཐད་གླེང་མོལ་ཞུས་ཡོད། གླེང་མོལ་ཞུ་ཡུལ་དེ་སྤྱི་ཚོགས་འཕྲོད་བསྟེན་ཉམས་ཞིབ་པ་དང་། མཚན་མཐུན་དགའ་རོགས་སྒྲིག་མཁན་གྱི་ཐོབ་ཐང་དོན་གཉེར་བ་བདེ་ཆེན་ཚེ་རིང་ལགས་ཡིན།།

    བུད་མེད་ལྷན་ཚོགས་ཀྱི་བཙུན་མའི་ནུས་སྟོབས་ལས་འཆར། - སྤྱི་ཟླ་བརྒྱད་པ། ༠༨, ༢༠༡༩

    བུད་མེད་ལྷན་ཚོགས་ཀྱི་བཙུན་མའི་ནུས་སྟོབས་ལས་འཆར། - སྤྱི་ཟླ་བརྒྱད་པ། ༠༨, ༢༠༡༩
    བུད་མེད་ལྷན་ཚོགས་ཀྱི་བཙུན་མའི་ནུས་སྟོབས་གོང་འཕེལ་གྱི་ལས་འཆར་སྐོར་དང་། ལས་འཆར་དེས་བཙན་བྱོལ་སྤྱི་ཚོགས་སུ་བུད་མེད་སྤྱི་ཡོངས་དང་འདྲ་བར་བཙུན་མ་ཚོས་རང་ནུས་ཆ་ཚང་བཏོན་ཏེ་གདེང་སྤོབས་ལྡན་པའི་སྒོ་ནས་དགོན་པ་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཏུ་འགོ་ཁྲིད་ཀྱི་འགན་ཁུར་བཞེས་ཐུབ་རྒྱུའི་དོན་དུ་ལོ་ལྟར་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་ཅིང་། ཟབ་སྦྱོང་ཐེངས་༡༡་པ་དེ་མཇུག་བསྒྲིལ་ཡོད་པ་སོགས་ལ་བུད་མེད་ལྷན་ཚོགས་ཀྱི་བཙུན་མའི་ནུས་སྟོབས་གོང་འཕེལ་ལས་འཆར་གྱི་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་

    བུད་མེད་ཀྱི་ལུས་ཁམས་གྲུབ་སྟངས་ཀྱི་ཁྱད་ཆོས། - སྤྱི་ཟླ་བདུན་པ། ༢༥, ༢༠༡༩

    བུད་མེད་ཀྱི་ལུས་ཁམས་གྲུབ་སྟངས་ཀྱི་ཁྱད་ཆོས། - སྤྱི་ཟླ་བདུན་པ། ༢༥, ༢༠༡༩
    ཐེངས་འདིའི་བུད་མེད་ལེ་ཚན་ནང་དུ་བུད་མེད་ཀྱི་ལུས་ཁམས་གྲུབ་སྟངས་དང་རིགས་རྒྱུད་སྤེལ་ནུས་ཀྱི་ཁྱད་ཆོས་སོགས་ལ་བདུན་ཕྲག་འདིའི་བུད་མེད་ལེ་ཚན་གཙོ་སྐྱོང་བ་བསོད་ནམས་དབྱངས་འཛོམས་ཀྱིས་ནེའུ་ཡོག་དང་ནེའུ་འཇར་སིའི་བོད་པའི་སྨན་ཞབས་ཚོགས་པའི་ཚོགས་གཙོ་པདྨ་རྡོ་རྗེ་ལགས་སུ་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།།

    རྒྱལ་སྤྱིའི་བུད་མེད་ཀྱི་རྐང་རྩེད་པོ་ལེ་དར་སྟངས། - སྤྱི་ཟླ་དྲུག་པ། ༢༥, ༢༠༡༩

    རྒྱལ་སྤྱིའི་བུད་མེད་ཀྱི་རྐང་རྩེད་པོ་ལེ་དར་སྟངས། - སྤྱི་ཟླ་དྲུག་པ། ༢༥, ༢༠༡༩
    དེང་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མི་མང་པོས་དགའ་མོས་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་པའི་རྐང་རྩེད་པོ་ལེའི་རྩེད་རིགས་འདི་ནི་ཐོག་མར་མི་ལོ་༢༠༠༠་ཙམ་གྱི་ཡར་སྔོན་དུ་རྒྱ་ནག་དང་གྷེ་རི་སི། རོམ་དང་དབུས་་ཨེ་ཤི་ཡ་བཅས་སུ་དར་ཁྱབ་བྱུང་ཞིང་། ཕྱི་ལོ་༡༨༦༣་ལོར་དབྱིན་ཡུལ་དུ་རྐང་རྩེད་པོ་ལེའི་རུ་ཁག་དང་པོ་དེ་རྩ་འཛུགས་བྱས་ནས་རྩེད་མོའི་སྒྲིག་གཞི་གཏན་ལ་ཕབ།

    བོད་ཀྱི་བུད་མེད་སྤྲུལ་སྐུ་གཉིས་ཀྱི་རྣམ་ཐར། - སྤྱི་ཟླ་དྲུག་པ། ༡༣, ༢༠༡༩

    བོད་ཀྱི་བུད་མེད་སྤྲུལ་སྐུ་གཉིས་ཀྱི་རྣམ་ཐར། - སྤྱི་ཟླ་དྲུག་པ། ༡༣, ༢༠༡༩
    བོད་ལ་བུད་མེད་སྤྲུལ་སྐུ་རེ་ཟུང་ཞིག་བྱུང་བ་དེ་དག་ནི་དམིགས་བསལ་ཞིག་ཆགས་ཀྱི་ཡོག་རེད། དེ་རིང་གི་ང་ཚོའི་བུད་མེད་ལས་རིམ་འདིའི་ནང་དུ་བོད་དབུས་གཙང་ཁུལ་དུ་ལུས་རྟེན་བུད་མེད་ཀྱི་སྤྲུལ་སྐུ་བསམ་སྡིངས་རྗོ་རྗེ་ཕག་མོ་དང་། ཤུག་གསེབ་ལོ་ཆེན་རིན་པོ་ཆེ་གཉིས་ཐོག་མར་ངོས་འཛིན་ཞུ་སྟངས་དང་བར་དུ་འགྲོ་དོན་བསྐྱངས་སྟངས་བཅས་ཀྱི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་མཁས་བཙུན་ལགས་སུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

    ནང་པའི་སྤྱི་ཚོགས་སུ་བུད་མེད་ཀྱི་གནས་བབ། - སྤྱི་ཟླ་ལྔ་པ། ༣༠, ༢༠༡༩

    ནང་པའི་སྤྱི་ཚོགས་སུ་བུད་མེད་ཀྱི་གནས་བབ། - སྤྱི་ཟླ་ལྔ་པ། ༣༠, ༢༠༡༩
    འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གིས་བུད་མེད་ལ་འཛིན་པའི་ལྟ་སྟངས་དང་། དེ་བཞིན་ནང་པའི་སྤྱི་ཚོགས་སུ་བུད་མེད་ལ་འཛིན་པའི་ལྟ་སྟངས་ཅི་འདྲ་ཡོད་མེད་ཐད་དུ་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

    བུད་མེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ལས་དོན་དང་བེུད། - སྤྱི་ཟླ་ལྔ་པ། ༠༢, ༢༠༡༩

    བུད་མེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ལས་དོན་དང་བེུད། - སྤྱི་ཟླ་ལྔ་པ། ༠༢, ༢༠༡༩
    བུད་མེད་ལེ་ཚན་ནང་དུ་ཚེ་རིང་དབྱངས་སྐྱིད་ལགས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་གྲས་སུ་བུད་མེད་ཀྱི་འགན་དབང་དང་འགྱུར་ལྡོག ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་སྲིད་བྱུས་ཉམས་ཞིབ་ལས་རིགས་ཁག་ལ་བོད་པའི་བུད་མེད་ཀྱིས་མཉམ་ཞུགས་ཅི་ཙམ་བྱེད་ཀྱི་ཡོད་མེད་སོགས་བཅར་འདྲི་ཞུས་ཡོད།།

    བཟའ་ཟླར་བརྙས་བཅོས་དང་དེའི་མཇུག་འབྲས། - སྤྱི་ཟླ་བཞི་པ། ༠༤, ༢༠༡༩

    བཟའ་ཟླར་བརྙས་བཅོས་དང་དེའི་མཇུག་འབྲས། - སྤྱི་ཟླ་བཞི་པ། ༠༤, ༢༠༡༩
    ༄༅།། གཟའ་འཁོར་འདིའི་བུད་མེད་ལེ་ཚན་ནང་དུ་ཁྱིམ་ཚང་ཁག་དང་བཟའ་མི་སོགས་ལ་བརྙས་བཅོས་བྱས་ན་ཁྱིམ་ཚང་དེའི་བཟའ་མི་བུ་ཕྲུག་བཅས་ལ་དཀའ་ངལ་དང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད། སྤྱིར་བཟའ་ཟླར་བརྙས་བཅོས་བྱེད་སྟངས་ལ་རིགས་དང་དབྱེ་བ་མ་འདྲ་བ་ཅི་ཙམ་ཡོད་མེད་ཐད་དུ་འབྲེལ་ཡོད་མི་སྣ་གཉིས་ལ་གླེང་མོལ་ཞུས་ཡོད།།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io