Logo

    བུད་མེད། - ཨ་རིའི་རླུང་འཕྲིན་ཁང་།

    འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བུད་མེད་ལེ་ཚན་གསར་པ་ཞིག བདུན་རེའི་གཟའ་མིག་དམར་ནམ་ཡིན་ལ་རྒྱང་སྲིང་ཞུ་རྒྱུ་ཡིན།
    bo37 Episodes

    People also ask

    What is the main theme of the podcast?
    Who are some of the popular guests the podcast?
    Were there any controversial topics discussed in the podcast?
    Were any current trending topics addressed in the podcast?
    What popular books were mentioned in the podcast?

    Episodes (37)

    ནང་ཆོས་སློབ་གཉེར་ལ་སྐྱ་སེར་ཕོ་མོ་འདྲ་མཉམ། - སྤྱི་ཟླ་གསུམ་པ། ༢༡, ༢༠༡༩

    ནང་ཆོས་སློབ་གཉེར་ལ་སྐྱ་སེར་ཕོ་མོ་འདྲ་མཉམ། - སྤྱི་ཟླ་གསུམ་པ། ༢༡, ༢༠༡༩
    བུད་མེད་ལས་རིམ་ནང་དུ་བཙན་བྱོལ་སྤྱི་ཚོགས་སུ་༧གོང་ས་མཆོག་གི་ཐུགས་རྗེ་དང་ལམ་སྟོན་འོག་ནང་ཆོས་སློབ་གཉེར་ལ་སྐྱ་སེར་ཕོ་མོ་དབྱེར་མེད་དང་སློབ་གཉེར་ལ་གཟེངས་སུ་ཐོན་པའི་བུད་མེད་མང་དུ་འགྲོ་བཞིན་པའི་སྐོར། བལ་ཡུལ་ཀོ་པན་དགོན་གྱི་མཁའ་སྤྱོད་དགའ་སྐྱིད་གླིང་བཙུན་དགོན་གྱི་དགེ་བཤེས་མ་རྣམ་གྲོལ་ཕུན་ཚོགས་ལགས་སུ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།།

    བྱིས་སྒྲུང་བོད་འགྱུར་ལོ་ཙཱ་བ་ཉི་མ་འཚོ། - སྤྱི་ཟླ་གསུམ་པ། ༠༧, ༢༠༡༩

    བྱིས་སྒྲུང་བོད་འགྱུར་ལོ་ཙཱ་བ་ཉི་མ་འཚོ། - སྤྱི་ཟླ་གསུམ་པ། ༠༧, ༢༠༡༩
    ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་སྡེ་ཚན་གྱི་འགན་འཛིན་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོས་འདས་པའི་ལོ་༢༠་ཙམ་ལ་ལས་ཞོར་དུ་སྒྲུང་རྩོམ་གང་མང་བྲིས་ཤིང་། ལོ་ཤས་སྔོན་དུ་ཁོ་མོ་ཨ་མར་གྱུར་པ་ནས་བཟུང་སྟེ་རང་གི་བུ་ཕྲུག་ལ་བོད་སྐད་ཀྱི་ལམ་ནས་སློབ་གསོ་སྤྲོད་རྒྱུའི་གོ་སྟབས་རིམ་སྤོ་བྱས་ཀྱང་བོད་ཡིག་ལ་བྱིས་སྒྲུང་ཉུང་ཉུང་ཡིན་པ་དངོས་སུ་མཐོང་སྟེ། ད་ལྟ་ཁོ་མོས་བྱིས་སྒྲུང་༣༠་ལྷག་བོད་ཡིག་ཏུ་བསྒྱུར་ཟིན་ཡོད་ཅིང་།

    ཨ་རིའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་གྲུབ་འབྲས། - སྤྱི་ཟླ་གཉིས་པ། ༢༡, ༢༠༡༩

    ཨ་རིའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་གྲུབ་འབྲས། - སྤྱི་ཟླ་གཉིས་པ། ༢༡, ༢༠༡༩
    སྤྱིར་འཛམ་གླིང་གི་ཡུལ་གྲུ་མང་པོར་ཕོ་མོ་དབྱེ་འབྱེད་དང་རིགས་རུས་ཀྱི་ཁྱད་པར། འཇོན་ཐང་སོགས་ཀྱི་དབང་གིས་དབྱེ་འབྱེད་མང་དུ་མཆིས་ཤིང་། འདས་པའི་ལོ་རྒྱུས་སུ་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་དང་འཛིན་སྐྱོང་ལས་དོན་ཁག་ལ་བུད་མེད་ཀྱི་བྱས་རྗེས་བཞག་པ་མཐོང་ཐོས་དཀོན། འདི་ནི་སྤྱི་ཚོགས་སུ་བུད་མེད་ལ་ཐོབ་ཐང་དང་གོ་སྐབས་གཅིག་མཚུངས་མེད་པ་དེ་ལས་བྱུང་ཡོད་པ་སྟེ། དུས་རབས་༡༨་དང་༡༩་པའི་ནང་དུ་བུད་མེད་ལ་ཐོབ་ཐང་གཅིག་མཚུངས་ཤིག་འཐོབ་རྒྱུའི་དོན་དུ་ཕུགས་བསམ་ཅན་དང་

    རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག - སྤྱི་ཟླ་གཉིས་པ། ༠༨, ༢༠༡༩

    རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག - སྤྱི་ཟླ་གཉིས་པ། ༠༨, ༢༠༡༩
    རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི་བུད་མེད་ཀྱི་ལས་འགུལ་ཁག་ནི་ཉེ་བའི་དུས་རབས་ཀྱི་ནང་དུ་ད་གཟོད་འགོ་ཚུགས་པ་ཞིག་མིན་པར་དུས་རབས་མང་པོའི་སྔོན་ནས་འགོ་ཚུགས་ཏེ་རིམ་བཞིན་དེའི་དམིགས་ཡུལ་དང་ངོ་བོ་བཅས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅིང་། དུས་རབས་༡༧་དང་༡༨་པར་ཡུ་རོབ་གླིང་དུ་སྲིད་གཞུང་གིས་ཟས་རིགས་ཀྱི་དཔྱ་ཁྲལ་སྤར་བར་བུད་མེད་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད། དེ་ནས་རིམ་པས་ཨ་མི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ། ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ་སོགས་འཛམ་གླིང་

    བོད་ཀྱི་བཙུན་མའི་ལས་འཆར་དང་དགེ་བཤེས་མ། - སྤྱི་ཟླ་དང་པོ། ༢༤, ༢༠༡༩

    བོད་ཀྱི་བཙུན་མའི་ལས་འཆར་དང་དགེ་བཤེས་མ། - སྤྱི་ཟླ་དང་པོ། ༢༤, ༢༠༡༩
    སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱི་ལོ་༡༩༨༧་ལོར་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་བཙུན་མའི་ལས་འཆར་ཐོག་མར་དབུ་ཚུགས། ལས་འཆར་དེའི་དམིགས་ཡུལ་དང་ལས་དོན། དེ་བཞིན་བཙུན་མ་རྣམས་ལའང་དགེ་འདུན་པ་དང་གཅིག་མཚུངས་ལྟར་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་བརྩོན་བྱ་རྒྱུའི་ཐོབ་ཐང་ཆ་ཚང་གནང་སྟེ། ཕྱི་ལོ་༢༠༡༦་ལོ་ནས་བཟུང་སྟེ་ལོ་ལྟར་དགེ་བཤེས་མའི་བསླབ་པ་ཐར་སོན་དང་དགེ་བཤེས་མའི་མཚན་བཏགས་བཞེས་པའི་སྲོལ་ཞིག་ཚུགས་ཡོད་ཅིང་།

    ཕ་ཡིས་བུ་མོར་གདམས་པའི་དེབ་ཕྲེང་། - སྤྱི་ཟླ་དང་པོ། ༡༡, ༢༠༡༩

    ཕ་ཡིས་བུ་མོར་གདམས་པའི་དེབ་ཕྲེང་། - སྤྱི་ཟླ་དང་པོ། ༡༡, ༢༠༡༩
    ༄༅།། གཟའ་འཁོར་འདིའི་བུ་མེད་ལེ་ཚན་ནང་དུ་ལེ་ཚན་གཙོ་སྐྱོང་བ་པདྨ་བདེ་ཆེན་གྱིས་ཕ་ཡིས་བུ་མོར་གདམས་པ་ཞེས་པའི་དེབ་ཕྲེང་གསུམ་གྱི་རྩོམ་པ་པོ་སྟེ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་རྣམ་འཕེལ་ཚང་བློ་བཟང་སྦྱིན་པར་དེབ་ཕྲེང་དེ་དག་ལ་འཁོད་པའི་བསླབ་བྱ་དང་དེ་བཞིན་བུད་མེད་ཅེས་པའི་ཐ་སྙད། བཙུན་དགོན་གྱི་ལས་འཆར་བཅས་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

    ཕོ་མོ་དབྱེ་འབྱེད། - སྤྱི་ཟླ་བཅུ་གཉིས་པ། ༢༧, ༢༠༡༨

    ཕོ་མོ་དབྱེ་འབྱེད། - སྤྱི་ཟླ་བཅུ་གཉིས་པ། ༢༧, ༢༠༡༨
    ༄༅།། ད་ལན་གྱི་ལེ་ཚན་འདིའི་ནང་དུ་འཛམ་གླིང་ཁྱོན་ཡོངས་སུ་ཕོ་མོའི་ཁྱད་པར་ལ་བརྟེན་ནས་དབྱེ་འབྱེད་ཡོད་མུས་ཡིན་པ་རྣམས་མེད་པར་གཏོང་བར་ད་དུང་ཡང་ལོ་༢༠༠་ལྷག་འགོར་སྲིད་པའི་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་ཐོན་ཡོད་ཅིང་། དེར་བརྟེན་བོད་པའི་སྤྱི་ཚོགས་ཀྱི་ཕོ་མོའི་ཁྱད་པར་སོགས་གནད་དོན་ཁག་ཅིག་ལ་སྦྱར་ནས་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ཕྱག་མཛོད་ཚང་པདྨ་ལགས་སུ་འཕྲིན་ལས་ཆོས་སྒྲོན་གྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

    མཛེས་མའི་འགྲན་སྡུར་དང་བུད་མེད་ཀྱི་ནུས་སྟོབས། - སྤྱི་ཟླ་བཅུ་གཅིག་པ། ༢༩, ༢༠༡༨

    མཛེས་མའི་འགྲན་སྡུར་དང་བུད་མེད་ཀྱི་ནུས་སྟོབས། - སྤྱི་ཟླ་བཅུ་གཅིག་པ། ༢༩, ༢༠༡༨
    གཟའ་འཁོར་འདིའི་བུད་མེད་ལེ་ཚན་ནང་དུ་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་ལས་འཆར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་དང་། བོད་ཀྱི་བུད་མེད་ཐོབ་ཐང་ཚོགས་པའི་རྩོམ་སྒྲིག་པ་ཟུར་པ་དང་གྲོགས་མོ་ཚོགས་པའི་འགན་འཛིན་བསྟན་འཛིན་སྐལ་བཟང་གཉིས་ལ་མཛེས་མའི་འགྲན་སྡུར་གྱི་ལས་འཆར་འདིས་བུད་མེད་ན་གཞོན་མ་ཚོར་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་དང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་སུ་དགེ་མཚན་ཅི་ཙམ་ཡོད་མེད་ལ་གླེང་མོལ་ཞུ་རྒྱུ་ཡིན།།

    སྙེ་མོའི་ཨ་ནེ་འཕྲིན་ལས་ཆོས་སྒྲོན། - སྤྱི་ཟླ་བཅུ་གཅིག་པ། ༡༥, ༢༠༡༨

    སྙེ་མོའི་ཨ་ནེ་འཕྲིན་ལས་ཆོས་སྒྲོན། - སྤྱི་ཟླ་བཅུ་གཅིག་པ། ༡༥, ༢༠༡༨
    ༡༩༦༩ ལོའི་ཕྱི་ཟླ་༣་པ་ནས་འགོ་ཚུགས་ཏེ་ལྷ་སའི་ཉེ་འགྲམ་གྱི་རྫོང་ཁག་དང་ཆབ་མདོའི་ས་ཁུལ་ཁག གཞི་ཀ་རྩེ་དེ་བཞིན་ནག་ཆུའི་ཁུལ་ཁག་བཅས་སུ་བོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་འཐབ་རྩོད་གཞི་རྒྱ་ཆེ་ཞིང་རྣོ་ངར་ལྡན་པ་ཞིག་བྱས་པའི་གྲས་ཀྱི་སྐད་གྲགས་ཆེ་ཤོས་སུ་གྱུར་པ་ནི་སྙེ་མོ་རྫོང་གི་ངོ་ལོག་ལས་འགུལ་དང་དེའི་འགོ་ཁྲིད་སྙེ་མོའི་ཨ་ནེ་འཕྲིན་ལས་ཆོས་སྒྲོན་ཡིན་ཞིང་། བུད་མེད་ལས་རིམ་བརྒྱུད་ནས་མཐའ་མཇུག་རྒྱ་ནག་གཞུང་གིས་སྲོག་ཐོག་ཏུ་བཏང་བ།

    བུད་མེད་ལེ་ཚན། - སྤྱི་ཟླ་བཅུ་པ། ༢༣, ༢༠༡༨

    བུད་མེད་ལེ་ཚན། - སྤྱི་ཟླ་བཅུ་པ། ༢༣, ༢༠༡༨
    བདུན་ཕྲག་འདིའི་བུད་མེད་ལེ་ཚན་ནང་དུ་འཕྲུལ་ཆས་འཆར་འགོད་པ་ཞིག་གི་ཆེད་ལས་དང་སློབ་གཉེར་གྱི་རྒྱབ་ལྗོངས། དེ་བཞིན་མ་འོངས་པའི་སྲི་ཞུའི་དམིགས་ཡུལ་བཅས་ལ་བུད་མེད་ཆེད་ལས་པ་དེར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

    ཨ་རིའི་བུད་མེད་ཚོས་རྒྱལ་ཁབ་ཀྱི་ཆབ་སྲིད་སོགས་འཕོ་འགྱུར། - སྤྱི་ཟླ་བཅུ་པ། ༡༦, ༢༠༡༨

    ཨ་རིའི་བུད་མེད་ཚོས་རྒྱལ་ཁབ་ཀྱི་ཆབ་སྲིད་སོགས་འཕོ་འགྱུར། - སྤྱི་ཟླ་བཅུ་པ། ༡༦, ༢༠༡༨
    ཨ་མི་རི་ཀའི་བུད་མེད་ཚོ་དེང་སང་ཆབ་སྲིད་དང་སྤྱི་དམངས་ལས་དོན། ནོར་སྲིད་དཔལ་འབྱོར་སོགས་ཀྱི་ལས་རིགས་མཐའ་དག་གི་ལས་ཀྱི་སྣེ་མོར་ཞུགས་ཏེ་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་གྱིན་ཡོད་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ཡུ་ཊཱ་མངའ་སྡེར་ལོ་མང་རིང་བཞུགས་མྱོང་མཁན་བོད་མི་མང་གི་སྤྱི་འཐུས་ཕྱག་མཛོད་ཚང་ཁང་པདྨ་ལགས་སུ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་།།

    ཨ་མས་ཕྲུ་གུ་གསོ་སྐྱོང་དང་འགན་ཁུར། - སྤྱི་ཟླ་བཅུ་པ། ༡༠, ༢༠༡༨

    ཨ་མས་ཕྲུ་གུ་གསོ་སྐྱོང་དང་འགན་ཁུར། - སྤྱི་ཟླ་བཅུ་པ། ༡༠, ༢༠༡༨
    དེང་དུས་ཀྱི་སྤྱི་ཚོགས་སུ་ཕྲུ་གུའི་ཕ་མ་གཉིས་དང་། ལྷག་པར་དུ་ཨ་མས་ཕྲུ་གུ་གསོ་སྐྱོང་དང་འགན་ཁུར་ལེན་སྟངས། དེ་བཞིན་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་བཅས་ལ་དཔལ་མོ་མཁས་གྲུབ་ལགས་ཀྱིས་ཨ་མི་རི་ཀར་གནས་འཁོད་ཀུན་བཟང་ཆོས་ཉིད་ལགས་སུ་གླེང་མོལ་ཞུས་ཡོད་ཅིང་། ཀུན་བཟང་ཆོས་ཉིད་ལགས་ནི་བོད་པའི་སྤྱི་ཚོགས་སུ་སྤྱི་དམངས་ཞབས་ཞུའི་ལས་དོན་སྣ་མང་བསྒྲུབས་མྱོང་མཁན་ཞིག་ཡིན་པར་མ་ཟད། ཕྲུ་གུ་གཉིས་གསོ་སྐྱོང་ལེགས་པར་གནང་སྟེ་ཕྲུ་གུ་གཅིག་ནི་སེམས་ཁམས་རིག་པའི་མཁས་པ་ཞིག་དང་གཅིག་ནི་ཁྲིམས་རྩོད་པ།

    བུད་མེད་ལེ་ཚན། དགེ་བཤེས་མ། - སྤྱི་ཟླ་བཅུ་པ། ༠༢, ༢༠༡༨

    བུད་མེད་ལེ་ཚན། དགེ་བཤེས་མ། - སྤྱི་ཟླ་བཅུ་པ། ༠༢, ༢༠༡༨
    ༄༅།། གཟའ་འཁོར་འདིའི་བུད་མེད་ལེ་ཚན་ལ་དགེ་བཤེས་མའི་ལག་འཁྱེར་ཐོབ་མཁན་བཙུན་མ་གཉིས་དང་། དེ་བཞིན་ལས་འཆར་འདིར་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་འབྲེལ་ཡོད་ཞིག་ལ་དགེ་བཤེས་མའི་ལས་འཆར་གྱིས་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་དང་ཤེས་ཡོན་གོང་འཕེལ་གཏོང་ཕྱོགས་དགེ་མཚན་ཅི་ཙམ་བྱུང་ཡོད་པ་སོགས་ལ་གླེང་སློང་ཞུ་ཡི་ཡིན།།

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་འབུམ་རམས་པ་བུ་མོ་ཚེ་རིང་། - སྤྱི་ཟླ་དགུ་པ། ༢༥, ༢༠༡༨

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་འབུམ་རམས་པ་བུ་མོ་ཚེ་རིང་། - སྤྱི་ཟླ་དགུ་པ། ༢༥, ༢༠༡༨
    བོད་ཀྱི་བུད་མེད་སྤྱི་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བུད་མེད་རྣམས་ཀྱི་གནས་བབ་ལ་ཁྱད་པར་ཇི་ལྟར་ཡོད་མེད། དེ་བཞིན་དུ་བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་གྱི་བོད་པའི་བུད་མེད་ཀྱི་གནས་བབ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་བུད་མེད་ཀྱི་གནས་བབ་བཅས་ལ་ཁྱད་པར་ཅི་ཡོད་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ལ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

    སྤྲུམ་མ་དང་བྱིས་པའི་འཕྲོད་བསྟེན། - སྤྱི་ཟླ་དགུ་པ། ༡༨, ༢༠༡༨

    སྤྲུམ་མ་དང་བྱིས་པའི་འཕྲོད་བསྟེན། - སྤྱི་ཟླ་དགུ་པ། ༡༨, ༢༠༡༨
    བོད་ནང་གི་སྤྲུམ་མ་དང་བྱིས་པའི་འཕྲོད་བསྟེན་སྐོར་གྱི་སྙན་ཐོར་གཞིགས་ན་བོད་ནང་དུ་སྤྲུམ་མ་དང་བྱིས་པ་འཆི་སྐྱོན་གྱི་གྲངས་འབོར་ནི་རྒྱ་ནག་སྤྱི་ཡོངས་ལས་མང་ཤོས་ཡིན་ཞིང་། བོད་ནང་དུ་སྦྲུམ་མ་དང་བྱིས་པ་འཆི་སྐྱོན་གྱི་གྲངས་འབོར་ཧ་ཅང་མཐོན་པོ་ཡིན་དགོས་པའི་རྒྱུ་མཚན་དང་སྤྲུམ་མ་ཚོས་རང་དང་བྱིས་པའི་འཕྲོད་བསྟེན་ལ་གཟབ་ནན་ཅི་ཞིག་བྱ་དགོས་པ་སོགས་ལ་ལོ་༡༥་ཙམ་གྱི་རིང་དུ་བོད་ནང་དུ་བུད་མེད་ཀྱི་སྨན་པའི་ཕྱག་ལས་གནང་མྱོང་བའི་སྨན་པ་འཕགས་མོ་འཚོ་ལགས་ལ་བཅའ་འདྲི་ཞུས་ཡོད།།

    བོད་ཀྱི་བུད་མེད་ཞིག་གི་མཛད་རྗེས་ཕྱིར་དྲན། - སྤྱི་ཟླ་དགུ་པ། ༡༢, ༢༠༡༨

    བོད་ཀྱི་བུད་མེད་ཞིག་གི་མཛད་རྗེས་ཕྱིར་དྲན། - སྤྱི་ཟླ་དགུ་པ། ༡༢, ༢༠༡༨
    ཕྱི་ལོ་༡༩༥༩་ལོར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་བོད་ལ་དུས་གྱུར་བྱུང་སྟེ་རྒྱ་གར་ལ་བཙན་བྱོལ་དུ་བྲོས་པའི་ལམ་དུ་ཕ་མ་འདས་གྲོངས་སུ་གྱུར་པའི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་ཏུ་གྱུར་པ་སྟོང་ཕྲག་མང་པོ་ཡོད་ཅིང་། ཕྲེང་རིང་ལྷ་ལྕམ་སྐུ་ཞབས་དམ་པ་དེ་ཉིད་ནི་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་དེར་རྒྱ་གར་བྱང་ཕྱོགས་ཀྱི་རི་ཁུལ་མ་སུ་རིར་བོད་ཕྲུག་ཁྱིམ་སྡེ་རྩ་འཛུགས་གནང་མཁན་དང་འཛིན་སྐྱོང་གནང་མཁན་སོགས་བོད་ཀྱི་བུད་མེད་མཛད་རྗེས་ཅན་ཞིག་ཡིན་པ།

    བུད་མེད་ལེ་ཚན། - སྤྱི་ཟླ་དགུ་པ། ༠༤, ༢༠༡༨

    བུད་མེད་ལེ་ཚན། - སྤྱི་ཟླ་དགུ་པ། ༠༤, ༢༠༡༨
    འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བུད་མེད་ལེ་ཚན་གསར་པ་ཞིག་གཟའ་མིག་དམར་ཉིན་ནས་འགོ་འཛུགས་ཞུས་ཏེ། བདུན་རེའི་གཟའ་མིག་དམར་ནམ་ཡིན་ལ་རྒྱང་སྲིང་ཞུ་རྒྱུ་ཡིན་པས་དེ་རིང་གི་ལས་རིམ་འདིར་བུད་མེད་ལེ་ཚན་གྱི་ངོ་བོ་དང་དམིགས་ཡུལ། དེ་བཞིན་ལས་དོན་བྱེད་ཕྱོགས་བཅས་པ་ངོ་སྤྲོད་ཞུ་ཡི་ཡིན།།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io