Logo

    འཛམ་གླིང་གསར་འགྱུར་

    Explore " འཛམ་གླིང་གསར་འགྱུར་" with insightful episodes like "དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - སྤྱི་ཟླ་དགུ་པ། ༡༢, ༢༠༢༢", "ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་ལ་དམིགས་བསལ་བཅར་འདྲི། - སྤྱི་ཟླ་དགུ་པ། ༡༠, ༢༠༢༢", "རྒྱ་ནག་གི་ནད་དུག་གཙང་སེལ་གྱི་འགྲོ་གྲོན། - སྤྱི་ཟླ་དགུ་པ། ༠༩, ༢༠༢༢", "ཧ་ཅང་དཀོན་པའི་རྒྱལ་ཚོགས་ཀྱི་སྙན་ཐོ། - སྤྱི་ཟླ་དགུ་པ། ༠༨, ༢༠༢༢" and "ཡུ་རོབ་ཏུ་བོད་དོན་འཐབ་བྱུས་ཀྱི་དཔྱད་བསྡུར། - སྤྱི་ཟླ་དགུ་པ། ༠༨, ༢༠༢༢" from podcasts like ""བགྲོ་གླེང་མདུན་ལྕོག - ཨ་རིའི་རླུང་འཕྲིན་ཁང་།", "ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།" and "ཀུན་གླེང་། - ཨ་རིའི་རླུང་འཕྲིན་ཁང་།"" and more!

    Episodes (78)

    དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - སྤྱི་ཟླ་དགུ་པ། ༡༢, ༢༠༢༢

    དབྱིན་ཇིའི་རྒྱལ་པོ་ཅལ་སི་དང་བོད་ཀྱི་འབྲེལ་བ་དང། རྒྱལ་མོ་དམ་པའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས།  - སྤྱི་ཟླ་དགུ་པ། ༡༢, ༢༠༢༢
    ༄༅། ཕྱི་ཚེས་༨ཉིན་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་སྦེད་མཆོག་སྐུ་ཚེའི་འཕེན་པ་རྗོགས་ཡོད་པ་དང་རྒྱས་སྲས་ཅལ་སི་གསུམ་པ་དབྱིན་ཇིའི་རྒྱལ་པོའི་ཁྲི་ཐོག་ཏུ་འཁོད་པ་ཁོང་དང་བོད་མིའི་འབྲེལ་བའི་སྐོར་དབྱིན་ཡུལ་བོད་རིགས་བསྟན་འཛིན་ཀུན་དགའ་ལགས་དང་དོན་གཅོད་ཟུར་པ་མི་འགྱུར་རྡོ་རྗེ་ལགས་དང་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།

    ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་ལ་དམིགས་བསལ་བཅར་འདྲི། - སྤྱི་ཟླ་དགུ་པ། ༡༠, ༢༠༢༢

    ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་ལ་དམིགས་བསལ་བཅར་འདྲི།  - སྤྱི་ཟླ་དགུ་པ། ༡༠, ༢༠༢༢
    ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་༡༣་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ཨ་རིར་ཐེངས་དང་པོ་ཕེབས་པའི་མཛད་འཆར་དང་ཁོང་གི་བསླབ་པ་སློབ་གཉེར། ཀུན་བདེ་གླིང་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་ཁག་ཅིག་ལ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་༡༣་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

    རྒྱ་ནག་གི་ནད་དུག་གཙང་སེལ་གྱི་འགྲོ་གྲོན། - སྤྱི་ཟླ་དགུ་པ། ༠༩, ༢༠༢༢

    རྒྱ་ནག་གི་ནད་དུག་གཙང་སེལ་གྱི་འགྲོ་གྲོན། - སྤྱི་ཟླ་དགུ་པ། ༠༩, ༢༠༢༢
    ཞིས་ཅིན་ཕིང་གིས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་ཤིག་མཁྲེགས་འཛིན་འོག དེང་སྐབས་རྒྱ་ནག་མི་དམངས་དུང་ཕྱུར་གསུམ་ཙམ་རང་ཁྱིམ་དུ་བཀག་ནས་སྒོ་རྒྱ་བསྡམས་ཡོད་ཅིང་། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེ་ལག་ལེན་བསྟར་པར་འགྲོ་གྲོན་ཉིན་རེ་བཞིན་འཕར་གྱི་ཡོད་ཀྱང་སྲིད་ཇུས་དེ་མཚམས་འཇོག་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་རེད།

    ཧ་ཅང་དཀོན་པའི་རྒྱལ་ཚོགས་ཀྱི་སྙན་ཐོ། - སྤྱི་ཟླ་དགུ་པ། ༠༨, ༢༠༢༢

    ཧ་ཅང་དཀོན་པའི་རྒྱལ་ཚོགས་ཀྱི་སྙན་ཐོ།   - སྤྱི་ཟླ་དགུ་པ། ༠༨, ༢༠༢༢
    རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡུ་གུར་མི་རིགས་ཀྱི་གནས་བབ་ཐད་ལ་དུས་འགྱངས་ཐེངས་མང་བྱས་པའི་སྙན་ཐོ་ཞིག་བཏོན་པ་དེའི་ནང་ལ། རྒྱ་ནག་གཞུང་གིས་ཞིན་ཅང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དེ་ནི་འགྲོ་བ་མིར་གནོད་འཚེ་བཏང་བའི་ནག་ཉེས་གསོག་བཞིན་པ་འདྲ་ཞེས་ཐེར་འདོན་བྱས་འདུག

    ཡུ་རོབ་ཏུ་བོད་དོན་འཐབ་བྱུས་ཀྱི་དཔྱད་བསྡུར། - སྤྱི་ཟླ་དགུ་པ། ༠༨, ༢༠༢༢

    ཡུ་རོབ་ཏུ་བོད་དོན་འཐབ་བྱུས་ཀྱི་དཔྱད་བསྡུར།   - སྤྱི་ཟླ་དགུ་པ། ༠༨, ༢༠༢༢
    སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བོད་དོན་སྐུ་ཚབ་ཚོགས་པ་ཞིག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པའི་བར་ལ། ཡུ་རོབ་ནང་གི་བོད་དོན་འཐབ་བྱུས་དང་ཡུ་རོབ་མཉམ་འབྲེལ་ནང་བོད་དོན་སྐུ་ཚབ་ཚོགས་པ་ཞིག་འཛུགས་ཐབས་བཅས་ཀྱི་ཐད་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་བཅར་འདྲི།

    རྒྱལ་ཚོགས་ཀྱི་ཤིན་ཅང་གི་སྙན་ཐོ། - སྤྱི་ཟླ་དགུ་པ། ༠༦, ༢༠༢༢

    རྒྱལ་ཚོགས་ཀྱི་ཤིན་ཅང་གི་སྙན་ཐོ། - སྤྱི་ཟླ་དགུ་པ། ༠༦, ༢༠༢༢
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དུས་འགྱངས་ཐེངས་མང་བྱས་པའི་རྗེས་སུ་གཟའ་འཁོར་སྔོན་མར་སྙན་ཐོ་བཏོན་ཏེ་རྒྱ་ནག་གཞུང་གིས་ཤིན་ཅང་ལ་འགྲོ་བ་མིར་གནོད་འཚེའི་ནག་ཉེས་བསགས་འདུག་ཅེས་ཐེར་འདོན་བྱས་འདུག་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

    བྱང་ཆུབ་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ། - སྤྱི་ཟླ་དགུ་པ། ༠༣, ༢༠༢༢

    བྱང་ཆུབ་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ། - སྤྱི་ཟླ་དགུ་པ། ༠༣, ༢༠༢༢
    བོན་གྱི་བྱང་ཆུབ་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ་ཞེས་བྱ་བའི་བརྗོད་བྱ་དང་བོན་གྱི་ལམ་རིམ་དེ་དབྱིན་ཡིག་ཏུ་བསྒྱུར་པའི་དགེ་མཚན། ཡིག་སྒྱུར་གྱི་རྒྱུད་རིམ་ཁྲོད་དུ་ཕྲད་པའི་དཀའ་ངལ་སོགས་ལ་ལོ་ཙཱ་བ་དང་ཝཱ་ཎ་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་རྔ་བ་ཀུན་བཟང་སྒྲོལ་མ་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

    ཏོག་དབྱིབས་གཙང་སེལ་སྲིད་ཇུས་འོག་གི་བོད། - སྤྱི་ཟླ་བརྒྱད་པ། ༣༠, ༢༠༢༢

    ཏོག་དབྱིབས་གཙང་སེལ་སྲིད་ཇུས་འོག་གི་བོད། - སྤྱི་ཟླ་བརྒྱད་པ། ༣༠, ༢༠༢༢
    འདས་པའི་ཟླ་བ་གཅིག་ཙམ་རིང་བོད་ཀྱི་ས་ཁུལ་མང་ཆེ་བར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་ལེན་བསྟར་ཏེ་མི་མང་རྣམས་རང་ཁྱིམ་ནས་ཕྱི་རུ་བསྐྱོད་མི་ཆོག་ཅེས་སྒོ་རྒྱ་བསྡམས་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

    རྒྱ་ནག་གི་ཆབ་སྲིད་དང་དམར་ཤོག་ཚོགས་ཆེན། - སྤྱི་ཟླ་བརྒྱད་པ། ༢༧, ༢༠༢༢

    རྒྱ་ནག་གི་ཆབ་སྲིད་དང་དམར་ཤོག་ཚོགས་ཆེན། - སྤྱི་ཟླ་བརྒྱད་པ། ༢༧, ༢༠༢༢
    ཐེངས་འདིའི་ཀུན་གླེང་ལས་རིམ་ལ་རྒྱ་ནག་གི་ཆབ་སྲིད་དང་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་གྲབས་ཡོད་པ་དེའི་སྐབས་སུ་ཞིས་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོའི་གྲས་སུ་མི་སུ་སུ་སླེབས་ཀྱི་ཡོད་མེད་དང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད། ནད་འགོག་སྲིད་ཇུས་དང་ཐན་པའི་དཀའ་ངལ་སོགས་ལ་བགྲོ་གླེང་ཞུས་ཡོད།

    ཧུ་ཁྲུན་ཧྭ་རྒྱ་ནག་གི་སྲིད་བློན་རྗེས་མར་འགྱུར་སྲིད་དམ། - སྤྱི་ཟླ་བརྒྱད་པ། ༢༥, ༢༠༢༢

    ཧུ་ཁྲུན་ཧྭ་རྒྱ་ནག་གི་སྲིད་བློན་རྗེས་མར་འགྱུར་སྲིད་དམ། - སྤྱི་ཟླ་བརྒྱད་པ། ༢༥, ༢༠༢༢
    ༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས་འདིར་དམར་ཤོག་གི་དབུས་རྒྱུན་ལས་ཀྱི་གྲས་སུ་སྔོན་ ཆད་བོད་ལ་ཡུན་རིང་ལས་ཀ་བྱས་མྱོང་ཡོད་པའི་ཧུ་ཁྲུན་ཧྭ་རྒྱུན་ལས་སུ་གདམ་རྒྱུ་ཡིན་པར་པར་མ་ཟད། རྒྱ་ནག་གི་སྲིད་བློན་ལ་ བསྐོ་བཞག་བྱ་རྒྱུའི་ཚོད་དཔག་བྱེད་མཁན་མང་པོ་ཞིག་ཡོད་པ་རེད་།

    མི་འབོར་གྲངས་བཤེར་གྱི་གལ་གནད། - སྤྱི་ཟླ་བརྒྱད་པ། ༢༥, ༢༠༢༢

    མི་འབོར་གྲངས་བཤེར་གྱི་གལ་གནད།   - སྤྱི་ཟླ་བརྒྱད་པ། ༢༥, ༢༠༢༢
    བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་བཙན་བྱོལ་བའི་མི་འབོར་གྲངས་བཤེར་བྱེད་བཞིན་པ་ལྟར། ཀོ་ལམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་མི་འབོར་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པའི་སློབ་མ་ཚེ་རིང་རིག་འཛིན་ལགས་དང་མཉམ་དུ་མི་འབོར་གྲངས་བཤེར་གྱི་གལ་གནད་སྐོར་ལ་བགྲོ་གླེང་ཞུས་ཡོད།

    ཕུ་ཊིན་གྱི་སློབ་སྟོན་པ། - སྤྱི་ཟླ་བརྒྱད་པ། ༢༣, ༢༠༢༢

    ཕུ་ཊིན་གྱི་སློབ་སྟོན་པ། - སྤྱི་ཟླ་བརྒྱད་པ། ༢༣, ༢༠༢༢
    ཕུ་ཊིན་གྱི་སློབ་སྟོན་པའམ་ཡོངས་གྲགས་སུ་ཕུ་ཊིན་གྱི་ཀླད་པ་ཞེས་འབོད་པའི་ཨུ་རུ་སུའི་མི་རིགས་རྒྱ་སྐྱེད་ཀྱི་བསམ་བློ་ཅན་དང་སྲིད་འཛིན་ཕུ་ཊིན་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཌུ་གིན་གི་རླངས་འཁོར་ལ་འབར་གས་གནས་ཚུལ་བྱུང་སྟེ་ཁོང་གི་བུ་མོར་སྲོག་སྐྱོན་བྱུང་ཡོད།

    བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢

    བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢
    ད་རེས་ཀྱི་ཀུན་གླེང་ལེ་ཚན་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་བཀའ་ཤག་སྐབས་ ༡༦ བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ལས་འཆར་ཞིག་དབུ་འཛུགས་གནང་ཡོད་པ་བཞིན། ལས་འཆར་དེའི་དགོས་པ་རྒྱུ་མཚན་དང་། ད་ལྟའི་མི་འབོར་གྲངས་བཤེར་དེའི་གནས་བབ་ཇི་ཆགས་སྐོར་ལ་བཀའ་མོལ་ཞུས་ཡོད་། །

    ཕྱི་ལོ་༢༠༢༢ལོའི་བྱེས་ཀྱི་དགེ་ལུགས་གདན་སའི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢

    ཕྱི་ལོ་༢༠༢༢ལོའི་བྱེས་ཀྱི་དགེ་ལུགས་གདན་སའི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། - སྤྱི་ཟླ་བརྒྱད་པ། ༢༠, ༢༠༢༢
    ༄༅། །བྱེས་ཀྱི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་གནང་བའི་འདི་ལོ་ཕྱི་ལོ་༢༠༢༢ལོའི་རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་བ་རྣམས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་རིང་ཕྱི་ཟླ་༨ཚེས་༡༩ཉིན་གདན་ས་འབྲས་སྤུངས་སུ་དབུ་འཛུགས་གནང་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

    པེ་ཐེ་ཧེའི་ཚོགས་འདུ། - སྤྱི་ཟླ་བརྒྱད་པ། ༡༩, ༢༠༢༢

    པེ་ཐེ་ཧེའི་ཚོགས་འདུ། - སྤྱི་ཟླ་བརྒྱད་པ། ༡༩, ༢༠༢༢
    ལོ་ལྟར་དབྱར་དུས་སུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་མཚོ་ཁའི་གྲོང་ཁྱེར་པེ་ཐེ་ཧེ་ལ་འདུ་འཛོམས་ཀྱིས་གསང་བའི་ཚོགས་འདུ་རིམ་པ་ཞིག་འཚོགས་སྲོལ་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་ན་གཟའ་འཁོར་འདིར་པེ་ཐེ་ཧེའི་འདུ་འཛོམས་དེ་མཇུག་སྒྲིལ་ཡོད་་བཟོ་འདུག

    ཐེ་ཝན་ལོ་༡༨༠༠་ཡར་སྔོན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ནམ། - སྤྱི་ཟླ་བརྒྱད་པ། ༡༦, ༢༠༢༢

    ཐེ་ཝན་ལོ་༡༨༠༠་ཡར་སྔོན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ནམ། - སྤྱི་ཟླ་བརྒྱད་པ། ༡༦, ༢༠༢༢
    ཉེ་དུས་ཨ་རིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཆིང་ཀང་གིས་ཨ་རིའི་གསར་ཤོག་ཐོག་ཏུ་ཆེད་རྩོམ་ཞིག་སྤེལ་ནས་ཐེ་ཝན་ནི་མི་ལོ་༡༨༠༠་ཡར་སྔོན་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་གྱུར་ཟིན་པ་རེད་ཅེས་བཀོད་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་དང་རྒྱ་ནག་གི་ལོ་རྒྱུས་སྐོར་གླེང་སློང་ཞུ་རྒྱུ་ཡིན།

    བོད་ཁམས་སུ་བྱུང་བའི་གསང་བའི་དམག་འཁྲུག - སྤྱི་ཟླ་བརྒྱད་པ། ༡༣, ༢༠༢༢

    བོད་ཁམས་སུ་བྱུང་བའི་གསང་བའི་དམག་འཁྲུག  - སྤྱི་ཟླ་བརྒྱད་པ། ༡༣, ༢༠༢༢
    ཐེངས་འདིའི་ཀུན་གླེང་ལས་རིམ་ལ་རྒྱ་མོ་རྩོམ་པ་པོ་དང་ཉམས་ཞིབ་པ་ལི་ཅང་ལིན་གྱིས་བརྩམས་པའི་ལྕགས་བྱ་གནམ་ནས་འཕུར་དུས་སམ། ༡༩༥༦་ནས་༡༩༦༢་བར་དུ་བོད་ཁམས་སུ་བྱུང་བའི་གསང་བའི་དམག་འཁྲུག་ཅེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོགས་ལ་དཔེ་དེབ་འདིའི་བོད་འགྱུར་གྱི་ལོ་ཙཱ་བ་བོང་སྟག་སྟག་ལྷ་རྒྱལ་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།།

    ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ཁྲིམས་འཆར་གསར་བའི་ནང་དོན་དང་གལ་གནད། - སྤྱི་ཟླ་བརྒྱད་པ། ༡༠, ༢༠༢༢

    ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ཁྲིམས་འཆར་གསར་བའི་ནང་དོན་དང་གལ་གནད།   - སྤྱི་ཟླ་བརྒྱད་པ། ༡༠, ༢༠༢༢
    ༢༠༢༢ ལོའི་ཕྱི་ཟླ་༧ ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དམིགས་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་བྱས་ཡོད་པ་དེ་དང་འབྲེལ་བའི་ཐད་གྲོས་ཚོགས་ཀྱི་གསན་ཞིབ་ལས་རིམ་ཞིག་གི་སྐབས་སུ་གཏམ་བཤད་གནང་མཁན་གྲས་བཀྲས་མཐོང་བསྟན་འཛིན་ལགས་དང་མཉམ་ཁྲིམས་འཆར་འདིའི་ནང་དོན་དང་གལ་གནད་ཐད་གླེང་མོལ་ཞུས་ཡོད།

    སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བའི་ཟབ་སྦྱོང། - སྤྱི་ཟླ་བརྒྱད་པ། ༠༩, ༢༠༢༢

    སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བའི་ཟབ་སྦྱོང། - སྤྱི་ཟླ་བརྒྱད་པ། ༠༩, ༢༠༢༢
    ༄༅། །བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་བཅས་ཀྱི་སློབ་དགེ་ཁག་ཅིག་ལ་སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བའི་ཟབ་སྦྱོང་ཞིག་གནང་ཡོད་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙནསྒྲོན་ཞུ་ཡི་རེད།།

    དགའ་ལྡན་ཕོ་བྲང་དང་ཤེས་རིག་གི་སློབ་ཡོན། - སྤྱི་ཟླ་བརྒྱད་པ། ༠༦, ༢༠༢༢

    དགའ་ལྡན་ཕོ་བྲང་དང་ཤེས་རིག་གི་སློབ་ཡོན། - སྤྱི་ཟླ་བརྒྱད་པ། ༠༦, ༢༠༢༢
    ༢༠༢༢་ལོའི་༧གོང་ས་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་གི་དགེ་རྩའི་སློབ་ཡོན་དང་ཤེས་རིག་ལྷན་ཁང་གི་སློབ་ཡོན་སྤྲོད་ཕྱོགས་བཅས་ལ་དགའ་ལྡན་ཕོ་བྲང་གི་དགེ་རྩའི་དྲུང་ཆེ་སེ་ལྦོ་བསྟན་འཛིན་དམ་ཆོས་དང་ཤེས་རིག་ལྷན་ཁང་གི་མཐོ་སློབ་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ། འབུམ་རམས་སློབ་གཉེར་བ་བཀྲ་ཤིས་རྣམ་རྒྱལ་ལྷན་བགྲོ་གླེང་།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io