Logo

    འཛམ་གླིང་གསར་འགྱུར་

    Explore " འཛམ་གླིང་གསར་འགྱུར་" with insightful episodes like "གཞོན་སྐྱེས་སེམས་ནུས་གོང་འཕེལ་ཆེད་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་། - སྤྱི་ཟླ་བརྒྱད་པ། ༠༢, ༢༠༢༢", "ཨ་རིས་རྒྱ་ནག་ལ་འགྲན་རྩོད་ཀྱི་ཁྲིམས་གཞིར་མང་མོས་རྒྱབ་སྐྱོར། - སྤྱི་ཟླ་བདུན་པ། ༢༨, ༢༠༢༢", "ལྕམ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར། - སྤྱི་ཟླ་བདུན་པ། ༢༧, ༢༠༢༢", "ཆང་གཞས་ཟླ་བའི་སྲས་མོ། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢" and "སཱི་ཤེས་ཡོན་བསླབ་གཞིའི་གལ་གནད། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢" from podcasts like ""གཞོན་སྐྱེས་དང་ཤེས་ཡོན། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།", "སོ་ཡ་ལ། - ཨ་རིའི་རླུང་འཕྲིན་ཁང་།" and "གཞོན་སྐྱེས་དང་ཤེས་ཡོན། - ཨ་རིའི་རླུང་འཕྲིན་ཁང་།"" and more!

    Episodes (78)

    གཞོན་སྐྱེས་སེམས་ནུས་གོང་འཕེལ་ཆེད་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་། - སྤྱི་ཟླ་བརྒྱད་པ། ༠༢, ༢༠༢༢

    གཞོན་སྐྱེས་སེམས་ནུས་གོང་འཕེལ་ཆེད་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་། - སྤྱི་ཟླ་བརྒྱད་པ། ༠༢, ༢༠༢༢
    ༄༅། །ཁེ་ནེ་ཊེའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་དང་ཕ་མ་བཅས་ལ་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་འབྲེལ་མཐུད་པ་གཉིས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གནང་ཡོད་པའི་སྐོར་ཚེ་རིང་དཔལ་འབྱོར་ལགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།།

    ཨ་རིས་རྒྱ་ནག་ལ་འགྲན་རྩོད་ཀྱི་ཁྲིམས་གཞིར་མང་མོས་རྒྱབ་སྐྱོར། - སྤྱི་ཟླ་བདུན་པ། ༢༨, ༢༠༢༢

    ཨ་རིས་རྒྱ་ནག་ལ་འགྲན་རྩོད་ཀྱི་ཁྲིམས་གཞིར་མང་མོས་རྒྱབ་སྐྱོར། - སྤྱི་ཟླ་བདུན་པ། ༢༨, ༢༠༢༢
    གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་འགྲན་རྩོད་བྱ་རྒྱུར་དམིགས་པའི་ཨ་སྒོར་ཐེར་འབུམ་༢༨༠་ཐམ་པའི་འགྲོ་གྲོན་ཁྲིམས་གཞི་ཞིག་ལ་མང་མོས་བྱུང་ཡོད་ཅིང་། དེ་རིང་གི་ང་ཚོའི་པོ་ཌི་ཁ་སི་བསྐྱར་ཞིབ་ལས་རིམ་ལ་ཁྲིམས་གཞི་དེའི་རྒྱབ་ལྗོངས་དང་དོན་སྙིང་སོགས་ལ་གླེང་སློང་ཞུ་ཡི་ཡིན།

    ལྕམ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར། - སྤྱི་ཟླ་བདུན་པ། ༢༧, ༢༠༢༢

    ལྕམ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར། - སྤྱི་ཟླ་བདུན་པ། ༢༧, ༢༠༢༢
    ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་ཟླ་བ་རྗེས་མར་ཐེ་ཝན་ལ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་ཕྱིར་བསྒྲགས་བྱུང་མ་ཐག་ཏུ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པར་མ་ཟད། ཨ་རིའི་རྒྱལ་སའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་གནད་དོན་དེར་བློ་འཚབ་ཡོད་ཅེས་བསམ་ཚུལ་བརྗོད་ཀྱི་ཡོད།

    ཆང་གཞས་ཟླ་བའི་སྲས་མོ། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢

    ཆང་གཞས་ཟླ་བའི་སྲས་མོ། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢
    ༄༅། །ཁེ་ཎ་ཌར་གཏན་གཞི་བྱས་པའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟུར་པ་གཞས་མ་གྲགས་ཅན་པ་སངས་ལྷ་མོ་ལགས་ཀྱི་བཏང་བའི་ཆང་གཞས་ཟླ་བའི་སྲས་མོ་ཞེས་བཏང་བ་དེ་གསན་རོགས་གནང་།

    སཱི་ཤེས་ཡོན་བསླབ་གཞིའི་གལ་གནད། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢

    སཱི་ཤེས་ཡོན་བསླབ་གཞིའི་གལ་གནད། - སྤྱི་ཟླ་བདུན་པ། ༢༦, ༢༠༢༢
    ༄༅།། ༧གོང་ས་མཆོག་གིས་སཱི་ཤེས་ཡོན་གྱི་བསླབ་གཞི་འདི་གལ་འགངས་ཆེན་པོར་ངོས་འཛིན་གནང་དགོས་དོན་ཐད་རྡ་སའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འགྲེལ་བཤད་བསྐྱོན་པ་ཞིག་གསན་རོགས་གནང་།།

    རྒྱ་ནག་དངུལ་ཁང་གི་དཀའ་ངལ། - སྤྱི་ཟླ་བདུན་པ། ༢༤, ༢༠༢༢

    རྒྱ་ནག་དངུལ་ཁང་གི་དཀའ་ངལ། - སྤྱི་ཟླ་བདུན་པ། ༢༤, ༢༠༢༢
    གཟའ་འཁོར་སྔོན་མ་རྒྱ་ནག་ཧའ་ནན་ཞིང་ཆེན་གྱི་གྲོང་ཁུལ་དངུལ་ཁང་ཁག་གཅིག་ནས་དངུལ་བཅོལ་མཁན་ཚོས་རང་གི་དངུལ་ལེན་མ་ཐུབ་པ་ཆགས་ནས་དངུལ་ཁང་ལ་མི་མང་སྟོང་ཁྲག་གིས་ངོ་རྒོལ་ཁྲོམས་སྐོར་བྱས་པའི་གནས་ཚུལ་བྱུང་རྗེས་དེང་སྐབས་རྒྱ་ནག་ནང་དངུལ་ཁང་གཞན་ནས་དངུལ་ཐུབ་གྱི་མིན་འདུག་ཟེར་མཁན་ཇི་མང་དུ་འགྲོ་བཞིན་ཡོད་འདུག་

    ༧གོང་ས་མཆོག་གིས་རྒྱ་གར་གྱིས་གདོད་མའི་མི་རིགས་ཀྱི་སྲིད་འཛིན་ལ་འཚམས་འདྲི་གནང་བ། - སྤྱི་ཟླ་བདུན་པ། ༢༣, ༢༠༢༢

    ༧གོང་ས་མཆོག་གིས་རྒྱ་གར་གྱིས་གདོད་མའི་མི་རིགས་ཀྱི་སྲིད་འཛིན་ལ་འཚམས་འདྲི་གནང་བ། - སྤྱི་ཟླ་བདུན་པ། ༢༣, ༢༠༢༢
    ༄༅།། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཆེན་མོ་དང་མངའ་སྡེའི་གྲོས་ཚོཌ་ཀྱི་འཐུས་མི་མང་མོས་ཀྱི་ཡུལ་དེའི་གྲངས་ཉུང་གདོད་མའི་བུད་མེད་ཞིག་སྲིད་འཛིན་དུ་མང་མོས་འདེམས་བསྐོ་ཞུས་ཡོད་པར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

    རྒྱ་ནག་ཏུ་ཁང་བུན་སྤྲོད་འཚམས་བཞག་པའི་ལས་འགུལ། - སྤྱི་ཟླ་བདུན་པ། ༢༡, ༢༠༢༢

    རྒྱ་ནག་ཏུ་ཁང་བུན་སྤྲོད་འཚམས་བཞག་པའི་ལས་འགུལ། - སྤྱི་ཟླ་བདུན་པ། ༢༡, ༢༠༢༢
    འདས་པའི་གཟའ་འཁོར་གཉིས་ཙམ་རིང་རྒྱ་ནག་གི་ཡུལ་མི་མང་པོས་ཁང་པ་ཉོས་སྐབས་དངུལ་ཁང་ནས་གཡར་བའི་བུ་ལོན་སྤྲོད་འཚམ་བཞག་ནས་དངུལ་ཁང་དང་ཁང་ཚོང་རྒྱག་མཁན་བཟོ་ཚོང་ལས་ཁང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྒོ་ཚུགས་ཡོད་པ་རེད། དེ་རིང་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཞུ་གི་ཡིན།

    ཞི་ཅིན་ཕིང་གི་ཤིན་ཅང་སྐོར་སྐྱོད། - སྤྱི་ཟླ་བདུན་པ། ༡༩, ༢༠༢༢

    ཞི་ཅིན་ཕིང་གི་ཤིན་ཅང་སྐོར་སྐྱོད། - སྤྱི་ཟླ་བདུན་པ། ༡༩, ༢༠༢༢
    གཟའ་འཁོར་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཤིང་ཅང་ནང་སྐོར་སྐྱོད་ཉིན་ཤས་བྱས་པའི་རྗེས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་སྐོར་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་པ་རེད། དེ་རིང་གི་ང་ཚོའི་པོ་ཌ་ཁེ་སི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཞུ་གི་ཡིན།

    རྒྱུད་གཅིག་ལམ་གཅིག་དང་སིངྒ་ལ། - སྤྱི་ཟླ་བདུན་པ། ༡༣, ༢༠༢༢

    རྒྱུད་གཅིག་ལམ་གཅིག་དང་སིངྒ་ལ། - སྤྱི་ཟླ་བདུན་པ། ༡༣, ༢༠༢༢
    དེང་སྐབས་སིངྒ་ལའི་ནང་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་རྐྱེན་གྱིས་མི་དམངས་ཀྱིས་གཞུང་གི་དཔལ་འབྱོར་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཟང་ཟིང་ནང་ལྷུང་ཡོད། སིངྒ་ལའི་དཔལ་འབྱོར་དཀའ་ངལ་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཆེན་པོ་ཡོད་པས་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཞུ་གི་ཡིན།

    རྒྱ་གར་གྱི་སློབ་གྲྭ་ཁག་ནང་སཱི་ཤེས་ཡོན་སློབ་ཁྲིད། - སྤྱི་ཟླ་བདུན་པ། ༡༢, ༢༠༢༢

    རྒྱ་གར་གྱི་སློབ་གྲྭ་ཁག་ནང་སཱི་ཤེས་ཡོན་སློབ་ཁྲིད།  - སྤྱི་ཟླ་བདུན་པ། ༡༢, ༢༠༢༢
    ༄༅། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་སཱི་ཤེས་ཡོན་སློབ་ཁྲིད་བྱ་ཡུལ་གཙོ་བོ་ཞིག་རྒྱ་གར་ཆགས་ཡོད་པར་བརྟེན་ རྒྱ་གར་ནང་གི་སཱི་ཤེས་ཡོན་བསླབ་གཞིའི་སྐོར་ཀུན་བཟང་སྒྲོན་མ་ལགས་ཀྱིས་རྒྱ་གར་གྱི་སཱི་ཤེས་ཡོན་བསླབ་གཞིའི་འགན་འཛིན་ལྕམ་རེ་ཤི་མཱ་ལ་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

    ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ། - སྤྱི་ཟླ་བདུན་པ། ༠༩, ༢༠༢༢

    ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ།    - སྤྱི་ཟླ་བདུན་པ། ༠༩, ༢༠༢༢
    ཀུན་གླེང་ལས་རིམ་དུ་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་ལགས་སྐུ་གྲོངས་པའི་རྒྱུ་རྐྱེན་དང་ཁོང་འཛིན་བཟུང་བྱེད་པའི་རྒྱུད་རིམ། ཡང་རྒྱ་ནག་གི་ཉེན་རྟོག་པས་ཁོང་གཙོས་པའི་བོད་མི་ཚོར་མནར་གཅོད་བཏང་བའི་གོ་རིམ་རྣམས་ཕྱི་བསྒྲགས་ཀྱི་བརྙན་དེ་ཐོག་མ་ཨ་རིའི་རླུང་འཕྲིན་ལ་ཇི་ལྟར་འབྱོར་བ་ལ་སོགས་པའི་སྐོར་ལ་བགྲོ་གླེང་ཞུ་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་༦ ཚེས་༣ - སྤྱི་ཟླ་དྲུག་པ། ༠༣, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༦ ཚེས་༣ - སྤྱི་ཟླ་དྲུག་པ། ༠༣, ༢༠༢༢
    ༧གོང་ས་མཆོག་དང་ཡེ་ཤུ་བླ་ཆེན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་དང་དགོངས་པ་མཚོན་པའི་གློག་བརྙན་གསར་པ་ཞིག་གི་དྲ་ཚིགས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་མཛོད་དྲ་ཚིགས་དང་ཁ་པར་བཀོལ་ཆས། བོད་དོན་འཐབ་རྩོད་ལ་བོད་རང་དབང་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་བཞིན་པའི་དྲ་ཚིགས་བཅས་ཡོད།།

    དྲ་སྣང་གི་བོད། ༢༠༢༢ ཟླ་ ༥ ཚེས་༢༠ - སྤྱི་ཟླ་ལྔ་པ། ༢༠, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་ ༥ ཚེས་༢༠ - སྤྱི་ཟླ་ལྔ་པ། ༢༠, ༢༠༢༢
    ༧གོང་ས་མཆོག་གི་ལེགས་བཤད་བཀོལ་ཆས་དང་བོད་ནང་གི་རྒྱ་མི། བོད་པའི་ཁྲོམ་ཟས་ལྔ། མཐུན་སྒྲིལ་ལ་སྐུལ་སློང་གི་གཞས། ས་སྐྱའི་བདག་མོ་སྐལ་ལྡན་ལགས་ཀྱིས་ཛ་དྲག་མྱུར་སྐྱོབ་ལ་དགོས་པའི་རྒྱུན་ཤེས་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་ཁ་པར་བཀོལ་ཆས་བཟོས་པར་བཀའ་འདྲི་ཞུས་པ་བཅས་ཡོད།།

    དྲ་སྣང་གི་བོད། ༢༠༢༢ ཟླ་༥ ཚེས་༡༣ - སྤྱི་ཟླ་ལྔ་པ། ༡༣, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༥ ཚེས་༡༣ - སྤྱི་ཟླ་ལྔ་པ། ༡༣, ༢༠༢༢
    ལོ་གཉིས་ཀྱི་རིང་རྒྱ་ནག་གི་དྲ་ལམ་དུ་སྐད་གྲགས་བྱུང་བའི་ལི་ཐང་བསྟན་འཛིན་ལ་སྐྱོན་བརྗོད་བྱེད་མཁན་ཡོད་ན་ཁྲིམས་ལ་སྦྱོར་རྒྱུའི་བརྡ་ཁྱབ་དང་རྒྱའི་དྲ་ལམ་གྱི་བོད་རང་བཙན་དང་སྲིད་སྐྱོང་། བོད་མི་དམངས་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱི་དྲ་ཚིགས་དང་ཁོང་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་འགྲན་ཞུགས་གནང་བ་སོགས་འདུས་ཡོད།

    དྲ་སྣང་གི་བོད། ༢༠༢༢ ཟླ་ ༥ ཚེས་༦ - སྤྱི་ཟླ་ལྔ་པ། ༠༦, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་ ༥ ཚེས་༦ - སྤྱི་ཟླ་ལྔ་པ། ༠༦, ༢༠༢༢
    དེ་རིང་གི་དྲ་སྣང་གི་བོད་དུ་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་འཕྲུལ་དེབ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཚན་ཐོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་། རྒྱ་ནག་གཞུང་དང་རྒྱ་ནག་པའི་རྒྱལ་ཞེན་གྱི་གཏམ་སྤྱོད་ལ་དམིགས་པའི་ཡིག་སྒྱུར་གྱི་ལས་འགུལ་ཆེན་མོ་ཞེས་པ་ངོ་སྤྲོད། དོལ་པོའི་དམངས་གཞས་ཤིག་བཅས་ཡོད།།

    དྲ་སྣང་གི་བོད། ༢༠༢༢ ཟླ་༤ ཚེས་༡ - སྤྱི་ཟླ་བཞི་པ། ༠༡, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༤ ཚེས་༡ - སྤྱི་ཟླ་བཞི་པ། ༠༡, ༢༠༢༢
    ཐེངས་འདིའི་དྲ་སྣང་གི་བོད་དུ་༼བོད་ཀྱི་མདུན་ལམ་༽ཚོགས་ཆེན་ལ་དྲ་ལམ་ནས་ཐོ་འགོད་བྱ་ས། བོད་ལ་རྒྱབ་སྐྱོར་བྱས་རྐྱེན་རྒྱ་ནག་ཏུ་བཀག་སྡོམ། འཛམ་གླིང་མི་མང་གི་མཉམ་རུབ་ལས་འགུལ་ལ་ཞུགས་སྟངས། ༼དཔལ་ལྡན་གྱི་ཐབ་ཚང་ ༽གི་དཔལ་ལྡན་ལགས་ལ་བཅར་འདྲི། ༼བྱེས་ཀྱི་བགྲེས་པོ་༽་བཅས་ཡོད།།

    དྲ་སྣང་གི་བོད། ༢༠༢༢ ཟླ་༢ ཚེས་༢༥ - སྤྱི་ཟླ་གཉིས་པ། ༢༥, ༢༠༢༢

    དྲ་སྣང་གི་བོད། ༢༠༢༢ ཟླ་༢ ཚེས་༢༥ - སྤྱི་ཟླ་གཉིས་པ། ༢༥, ༢༠༢༢
    ཐེངས་འདིའི་དྲ་སྣང་གི་བོད་དུ་Enes Freedomཡིས་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ཏཱ་ལའི་བླ་མ་ལ་@ བྱེད་པ། རྒྱལ་སྤྱིའི་དྲ་མང་གིས་གླེང་གཞི་ཆེ་ཤོས་བྱུང་བའི་རྒྱ་ནག་གི་བུད་མེད་གསུམ། བོད་ཕྱི་ནང་གཉིས་སུ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི། བོད་ཀྱི་ན་གཞོན་ཨ་མ་ཞིག་གིས་རང་གི་བུ་མོ་མཉམ་དུ་བོད་སྐད་ཡིག་སློབ་སྦྱོང་།
    Logo

    © 2024 Podcastworld. All rights reserved

    Stay up to date

    For any inquiries, please email us at hello@podcastworld.io